ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བསྟན་འཛིན་སྐད་གྲཊ་ཆོད་རྗེས་ལི་ཐང་ལ་འགྱུར་ལྡོག་ག་འདྲ་བྱུང་ཡོད་དམ།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            2020ལོའི་ཟླ11པའི་ཚེས25ཉིན། ལི་ཐང་གིས་ཕབ་བསྐྲུན་བྱས་པའི《བསྟན་འཛིན་གྱི་འཇིག་རྟེན》ཞེས་པའི་དྲིལ་བསྒྲགས་གློག་བརྙན་དེ་སྐད་གྲགས་ཆོད་འདུག ལོ་གཅིག་སོང་རྗེས་ཀྱི་དེ་རིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ཟིན་པའི་ལི་ཐང་ནི་མི་རྣམས་ཀྱི་རྣ་བར་འཇགས་པའི“མཁའ་དབྱིངས་ཀྱི་གྲོང་ཁྱེར”ཞིག་ཏུ་གྱུར་པ་མ་ཟད། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་བྱ་ཡུལ་གྱི་རྫོང་ཞིག་ཏུ་གྱུར་ནས་ཡུལ་སྐོར་བ་དེ་བས་མང་བ་ཞིག་གི་ཡིད་དབང་བཀུག་ཡོད། ལོ་ཤས་གོང་སྔོ་ཚལ་སོས་པ་དེ་ལི་ཐང་མི་དམངས་ལ་མཚོན་ན་ཧ་ཅང་དཀོན་པོ་ཞིག་རེད། ད་ཆ་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་ཕྱིན་པར་བརྒྱུད། ལི་ཐང་གིས་ས་མཐོའི་དྲོད་ཁང་ཆེན་མོའི་ཤིང་འབྲས་དང་སྔོ་ཚལ་རྟེན་གཞི་བཙུགས་ཏེ་གནས་དེའི་ཁ་ཟས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་ས་གནས་དེ་རང་དུ་ལས་ཞུགས་ཀྱི་གོ་སྐབས་ཀྱང་མང་པོ་ཞིག་མཁོ་འདོན་བྱས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།