ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཉིང་ཁྲི་སྨན་གླིང་རྫོང་དུ་ས་ཡོམ་རིམ་པ་4.8བརྒྱབ་པ།

སྤེལ་དུས 2022-01-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

    ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་བྱས་པ་ལྟར་ན། སྤྱི་ཟླ་1པོའི་ཚེས་18ཉིན་གྱི་ཞོགས་པའི་ཆུ་ཚོད་6དང་སྐར་མ་59ཡི་ཐོག བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་(འཕྲེད་ཐིག་བྱང་མ29.15དང་གཞུང་ཐིག་ཤར་མ་94.28)དུ་ས་ཡོམ་རིམ་པ་4.8བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་ལ་སྟོང་སྨི་50ཟིན་ཡོད་པ་རེད། ས་ཡོམ་རྒྱག་ས་ལྟེ་བ་དེ་ནས་སྨན་གླིང་རྫོང་གྲོང་བར་སྤྱི་ལེ་37དང་། ཉིང་ཁྲི་གྲོང་ཁྱེར་གྱི་ལྟེ་གནས་བར་སྤྱི་ལེ་56ཡོད་པ། ལྷ་ས་གྲོང་ཁྱེར་བར་སྤྱི་ལེ་312ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།