ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐའ་སྲུང་འགག་སྒོའི་ལོ་གསར་གྱི་རྣམ་པ།

སྤེལ་དུས 2022-02-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་རིང་། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་ཁོངས་གཏོགས་ཁུལ་གྱི་དབུལ་ཕོངས་མང་ཚོགས་སུ་འཚམས་འདྲིར་བསྐྱོད་པར་མ་ཟད། ཉེན་རྟོག་དམག་སྒར་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་སྐྱིད་གྲོང་མཐའ་མཚམས་དོ་དམ་རུ་ཆེན་ཀོ་ཐང་མཐའ་མཚམས་ཉེན་རྟོག་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲིར་བསྐྱོད་པའི་རྣམ་པ།

གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གམ་པ་མཐའ་མཚམས་དོ་དམ་རུ་ཆེན་གྱི་རོམ་གྲོང་ཚོ་གསར་པའི་ཉེན་རྟོག་ལས་དོན་ཁང་གི་མི་དམངས་ཉེན་རྟོག་པས་རྒྱལ་ཡོངས་མི་དམངས་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ་བའི་རྣམ་པ །

གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་འཕྲང་སྒོ་མཐའ་མཚམས་ཉེན་རྟོག་ཁང་གིས་ལོ་ངོ་དགུའི་རིང་ཕ་ཡུལ་དུ་ལོག་ནས་ལོ་གསར་མ་ཐུབ་པའི་མི་དམངས་ཉེན་རྟོག་པ་ཧྲའོ་ཞའོ་ཀྲན་ལ་དཔྱིད་གསར་དུས་ཆེན་གྱི་རྒྱན་རིས་བཀོད་སྒྲིག་བྱེད་པའི་རྣམ་པ།

གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་སྐྱིད་གྲོང་མཐའ་མཚམས་དོ་དམ་རུ་ཆེན་ཀོ་ཐང་མཐའ་མཚམས་ཉེན་རྟོག་ཁང་གི་མི་དམངས་ཉེན་རྟོག་པས་དཔྱིད་གསར་དུས་ཆེན་རིང་ཁ་བའི་ཁྲོད་དུ་སྐོར་སྐྱོད་ལྟ་ཞིབ་བྱེད་པའི་རྣམ་པ།
 རྩོམ་སྒྲིག་པ། བསྟན་ཆོས།