ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བཀྲ་ཤིས་ལྷུན་པོ་དགོན་གྱི་གནའ་དཔེ་འགྲེམ་ཁང་ལ་སྒོ་བྱང་བཀལ་བ།

སྤེལ་དུས 2022-06-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

སྒོ་བྱང་འགེལ་བའི་མཛད་སྒོར་དོ་སྣང་བྱ་རོགས།
ཟླ6པའི་ཚེས5ཉིན་གྱི་སྔ་དྲོར།
བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས།
གཞིས་ཀ་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་དུ།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་
བཀྲ་ཤིས་ལྷུན་པོ་དགོན་པའི་ཡན་ལག་ཁང་སྟེ།
གནའ་དཔེ་སྲུང་སྐྱོང་ལྟེ་གནས་སུ།
བཀྲ་ཤིས་ལྷུན་པོ་དགོན་པའི་གནའ་དཔེ་འགྲེམ་ཁང་དང་བོད་རང་སྐྱོང་ལྗོངས་
གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་
བཀྲ་ཤིས་ལྷུན་པོ་དགོན་པའི་ཡན་ལག་འགྲེམ་ཁང་དུ་
སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།
གནའ་དཔེ་འགྲེམ་ཁང་དེའི་སྒོ་འབྱེད་པ་ཡིས་རིག་གནས་ཀྱི་ལམ་ནས་
བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་དང་།
བཀྲ་ཤིས་ལྷུན་པོ་དགོན་པའི་རིག་གནས་འཛུགས་སྐྱོང་དེ།
སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
བཀྲ་ཤིས་ལྷུན་པོ་དགོན་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན་པ་དང་།
དེར་ལོ་རྒྱུས་རིང་ཞིང་སྲོལ་རྒྱུན་བཟང་པོ་ལྡན།
བཀྲ་ཤིས་ལྷུན་པོ་དགོན་པ་དང་ལྷ་སའི“དགོན་སྡེ་ཆེན་པོ་གསུམ”སྟེ།
དགའ་ལྡན་དགོན་པ་དང་། སེ་ར་དགོན་པ། འབྲས་སྤུངས་དགོན་པ་བཅས་ལ།
བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི“དགོན་སྡེ་ཆེན་པོ་བཞི”ཞེས་འབོད།
 གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་དོ་སྣང་བྱ་རོགས།
 བཀྲ་ཤིས་ལྷུན་པོ་དགོན་ནི།
1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དང་པོར་ཁྱབ་བསྒྲགས་བྱས།
2017ལོའི་ཟླ8པར།
རྒྱལ་ཁབ་ཀྱི་རིམ་པ་ལྔ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཆོག་མཆན་ཐོབ་པ་རེད།
དགོན་སྡེ་དེར་གནས་སྤོ་ཐུབ་པའི་རིག་དངོས21139ཡོད་ལ།
དེའི་ནང་རིམ་པ་དང་པོའི་རིག་དངོས2183དང་།
རིམ་པ་གཉིས་པའི་རིག་དངོས6083
རིམ་པ་གསུམ་པའི་རིག་དངོས9830
སྤྱིར་བཏང་གི་རིག་དངོས3043བཅས་ཡོད་པ་རེད།

 གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་བཀྲ་ཤིས་ལྷུན་པོ་དགོན་པའི་ཡན་ལག་ཁང་སྟེ།
བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས།
བཀྲ་ཤིས་ལྷུན་པོ་དགོན་གྱི་གནའ་དཔེ་འགྲེམ་ཁང་དང་།
བོད་རང་སྐྱོང་ལྗོངས་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས།
བཀྲ་ཤིས་ལྷུན་པོ་དགོན་པའི་ཡན་ལག་ཁང་གི་སྒོ་བྱང་བཀལ་རྗེས།
བྱེད་ནུས་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ།
རིམ་བཞིན་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།