ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁྲིམས་འགལ་གྱི་ཐ་མག་རྡར་ཚན8132རྩད་ཆོད་པ་དང་སྒོར་ཁྲི90ལྷག་་་

སྤེལ་དུས 2022-06-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

          ཉེ་ཆར་ལྷ་ས་གྲོང་ཁྱེར་ཐ་མག་ཆེད་ཚོང་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་སྤྱི་བདེ་ཅུས་དང་སྦྲག་སྲིད་དོ་དམ་ཅུས་སོགས་སྡེ་ཚན་དང་མཉམ་འབྲེལ་སྒོས་ཁྲོམ་རར་ཞིབ་བཤེར་ཐེངས་མང་བྱས་པས། ཟོག་འགྲེམས་སྦྲག་བསྐུར་ལྷུ་ཚིགས་ཀྱི་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་ཐད་ནས་ཐོལ་བརྒལ་ཆེན་པོ་བྱུང་ཡོད།
            ཟླ6པའི་ཚེས18ཉིན་མང་ཚོགས་ཀྱིས་ཐེར་འདོན་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཐ་མག་ཆེད་ཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་སྟོད་ལུང་བདེ་ཆེན་ཁུལ་གྱི་གྲོང་ཁྱེར་མ་འཇོག་ཟོག་འགྲེམས་གླིང་གི་ཟོག་འདྲེན་རླངས་འཁོར་ཞིག་ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་པས། ས་གནས་ས་ཐོག་ཏུ་ཐེན་ཞ་ཞིའུ(ཅིན)དང་། ཀྲུང་ཧྭ།(སྲ་ཐུམ།) ཡུན་ཡན(སྙི་ཐུམ)སོགས་ཁྱོན་བསྡོམས་ཐོན་རྫས51དང་ཁྲིམས་འགལ་ཐ་མག་རྡར་ཚན8132རྩད་ཆོད་པས་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི90ལྷག་ཙམ་ཟིན་ཡོད་པ་རེད། མིག་སྔར་གྱོད་གཞི་དེ་སྔར་བས་བརྟག་དཔྱད་ཞིབ་གཅོད་བྱེད་བཞིན་ཡོད།
ལྷ་ས་གྲོང་ཁྱེར་ཐ་མག་ཆེད་ཚོང་ཅུས་ཀྱིས་གསལ་འདེབས་བྱས་དོན།
            《ཐ་མག་ཆེད་འཚོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《ཐ་མག་ཆེད་འཚོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་སྟེ། ཐ་མག་གི་གྲུབ་རྫས་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆེད་འཚོང་དངོས་རྫས་ཡིན་ཞིང་། དེའི་ཐོན་སྐྱེད་དང་། ཕྱིར་འཚོང་། ཕྱིར་གཏོང་ནང་འདྲེན་བཅས་ཀྱི་ལས་སྒོ་ནི་རྒྱལ་ཁབ་ཀྱིས་སྒེར་སྡོམ་གཉེར་སྐྱོང་དང་གཅིག་གྱུར་གྱིས་དོ་དམ་བྱེད་བཞིན་ཡོད་པས། ཐོན་སྐྱེད་དང་། སྡེབ་ཚོང་། སིལ་ཚོང་ངམ་ཡང་ན་སྐྱེལ་འདྲེན་བཅས་གང་ཡིན་རུང་ཚང་མ་སྲིད་འཛིན་བཀའ་འཁྲོལ་ཐོབ་ན་མ་གཏོགས་བྱས་མི་ཆོག
            རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོས་དུས་དང་རྣམ་པ་ཀུན་ཏུ“ཁེ་ཆུང་ལ་རྔམ་ནས་གྱོང་ཆེན་རེག་པའི”གནས་ལུགས་བློ་ལ་བརྟན་པོར་ངེས་ནས་ཁྲིམས་ཤེས་པ་དང་། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་བྱེད་དགོས་པ་ལས་མིག་མདུན་གྱི་ཁེ་ཕན་ལ་རྔམ་ནས་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་ཀྱི་བསམ་ཚུལ་ངན་པ་གཏན་ནས་ཐོན་མི་རུང་།  དེ་ལྟར་བྱས་ཚེ་རང་ཉིད་ཕྱུག་པོར་ཆགས་མི་ཐུབ་པ་མ་ཟད་རང་ཉིད་ཀྱི་མདུན་ལམ་ཡང་བརླག་སྲིད།
རྩོམ་སྒྲིག་པ། བདེ་སྒྲོན།