ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པར་བྲེལ།

སྤེལ་དུས 2022-11-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་བླངས་པ་མེ་ཏོག་ལྷ་མཛེས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
         ཉེ་ཆར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་བླངས་པ་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོའི“ཏང་དང་མང་ཚོགས་ཀྱི་ཇ་ཁང་ཆུང་ངུར”བསྐྱོད་དེ། “ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཇ་ཁང་ནང་ཁྱབ་གདལ་གཏོང་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ། ལན་བརྒྱབ་ན་བྱ་དགའ་སྤྲོད་པ་སོགས་བརྒྱུད། ཏང་གི་གསུང་སྒྲ་མང་ཚོགས་ཀྱི་ཁྲོད་དུ་བརྒྱུད་སྤྲོད་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་བ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།