ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྩོམ་པ་པོ་བསོད་ནམས་ཚེ་རིང་ལ་བཀྲ་ཤིས་བདེ་ལེཊ་ཞུ།

སྤེལ་དུས 2022-11-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་ཟླ་11པའི་ཚེས་20ཉིན་གྱི་ཆུ་ཚོད་19དང་སྐར་མ་30ཡི་ཐོག ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་། པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ། ཧུའུ་ནན་ཞིང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོའི་རྩོམ་རིག་གི་མཛད་སྒོ་ཆེན་མོ་སྟེ་ལུའུ་ཤུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་གཉེར་ཡོད་པ་རེད། སྐབས་བརྒྱད་པའི་ལུའུ་ཤུན་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་གྲས། མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་གཞོན་སྐྱེས་རྩོམ་པ་པོ་བསོད་ནམས་ཚེ་རིང་ཚོགས་འདུར་ཞུགས་པ་དང་འབྲེལ་བྱ་དགའ་ཐོབ་ཡོད།

      ལུའུ་ཤུན་རྩོམ་རིག་བྱ་དགའ་ནི་རང་རྒྱལ་གྱི་མཚན་སྙན་ཆེ་ཤོས་མཚོན་པའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའི་གྲས་ཤིག་རེད། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་བསོད་ནམས་ཚེ་རིང་ལ་བརྩམས་སྒྲུང་འབྲིང་གྲས《ས་སྟོང་སྟེང་》ཞེས་པར་བརྟེན་ནས་སྐབས་བརྒྱད་པའི་ལུའུ་ཤུན་རྩོམ་རིག་བྱ་དགའི་བརྩམས་སྒྲུང་འབྲིང་གྲས་ཀྱི་བྱ་དགའ་ཐོབ་པ་དང་། ཁོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལུའུ་ཤུན་རྩོམ་རིག་བྱ་དགའ་ཐོབ་མཁན་ཐོག་མ་དེ་རེད།

      《ས་སྟོང་སྟེང་》ཞེས་པའི་ནང་འབྲོག་མི་དྲུག་རི་མགོར་བསྐྱོད་དེ་བྱི་བ་བསད་ནས་ཕྱུགས་ར་སྲུང་སྐྱོབ་བྱེད་པའི་སྐོར་བཀོད་ཡོད། ཀྲུང་གོའི་རྩོམ་རིག་གི་མཛད་སྒོ་ཆེན་མོ་སྟེ་ལུའུ་ཤུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག སྐབས་བརྒྱད་པའི་ལུའུ་ཤུན་རྩོམ་རིག་བྱ་དགའ་སྒྲིག་འཛུགས་ཨུ་ལྷན་གྱིས་བསོད་ནམས་ཚེ་རིང་ལ་བྱ་དགའ་སྤྲོད་སྐབས་གདེང་འཇོག་འདི་འདྲ་བྱས་ཡོད་དེ། བློ་སྟོབས་ཆེར་བསྐྱེད་ཀྱི་ལང་ཚོའི་ངར་སེམས་དང་སྣ་མང་གཞི་གཅིག་གི་ཀྲུང་ཧྭའི་རིག་གནས་ཀྱིས་མི་རིགས་ཁག་གི་མི་དམངས་ཀྱི་ཕུགས་འདུན་ལ་ཁྲིད་སྟོན་བྱེད་ཅེས་པ་དེ་ཡིན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་གིས་བསོད་ནམས་ཚེ་རིང་ལ་བྱ་དགའ་སྤྲད་ཡོད། བྱ་དགའ་སྤྲོད་ཡུལ་དུ། བསོད་ནམས་ཚེ་རིང་གིས་རང་ཉིད་རྩོམ་རིག་གི་ལམ་བུའི་ཐོག་བསྐྱོད་པའི་བརྒྱུད་རིམ་གླེང་བ་དང་ཁོང་ལ་རོགས་རམ་བྱས་མྱོང་མཁན་དག་ལ་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས། ངས་རང་ཉིད་ཀྱི་སྨྱུག་རྩེར་བརྟེན་ནས་རྩྭ་ཐང་གི་རྒྱ་ཆེ་གཏིང་ཟབ་དང་དེ་བཞིན་རྩྭ་ཐང་ཐོག་གི་གུས་པར་འོས་པའི་མི་རྣམས་འབྲི་འདོད་ཡོད་ཅེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།