ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཛམ་གླིང་བུམ་པའི་འགྲན་བསྡུར་ནང“ཀྲུང་གོའི་རུ་ཁག”ཅིག་ཡོད།

སྤེལ་དུས 2022-11-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་འགྲན་བསྡུར་ཐེངས8བྱས་པ་དང་། རུ་མི་ཚོས་ངོ་མཚར་ཆེ་ལ་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་ཤིང་། ཀྲུང་གོའི་དར་ཆ་སྒྲེང་མཁན་དང་ཤན་འབྱེད་པ་ཡང་གཅིག་རྗེས་གཉིས་མཐུད་ངང་འགྲན་བསྡུར་ནང་ཞུགས་ཡོད། འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་རུ་མི་གསུམ་པོས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དར་ཆ་སྲུང་བའི་མིང་ཐོག་ནས་འགྲན་རར་འཛུལ་བ་དང་། ཀྲུང་གོ་ནས་ཡོང་བའི་ཤན་འབྱེད་པ་མ་ཉིང་གིས་ཨ་རི་དང་ཝེར་ཧྲེ1-1གི་འགྲན་བསྡུར་ནང་དཔོན་རིགས་ཨང་བཞི་པ་བྱས་ནས་ཐེངས་འདིའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཐོག་མར་གཉེར་བ་རེད།
          ཀྲུང་གོའི་ཤན་འབྱེད་པ་མ་ཉིང(གཡོན་གྱི་གཉིས་པ)གིས་འཛམ་གླིང་བུམ་པའི་འགྲན་བསྡུར་ཐོག་མར་གཉེར་བ། འདི་ནི་ལོ20སོང་རྗེས་ཀྲུང་གོའི་ཤན་འབྱེད་པ་སླར་ཡང་འཛམ་གླིང་བུམ་པའི་ཁྲིམས་འཛིན་སྟེགས་བུའི་ཐོག་བསྐྱོད་པ་ཞིག་རེད།
          དོན་དངོས་ཐོག་འགྲན་རའི་ཐོག་གི་དར་ཆ་སྒྲེང་མཁན་དང་ཤན་འབྱེད་པ་ནས་འགྲན་རའི་ཕྱི་རོལ་གྱི་ཀྲུང་གོའི་དོམ་ཁྲ། ཀྲུང་གོས་བཟོས་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཉེ་འཁོར་ཐོན་རྫས་སྣ་ཚོགས་དང་། ཁ་ཐར་འགྲན་རའི་ཕྱི་ནང་དུ་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གཞི་རྒྱུ་མང་པོ་ཡོད་པས“ཀྲུང་གོའི་རུ་ཁག”སྔར་བཞིན་ཧ་ཅང་མངོན་གསལ་དོད་པོ་ཡོད།