ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ས་མཐོའི་རི་གྲོང་གི་ཁེ་སྤོགས་བགོ་བའི་མཛད་སྒོ།

སྤེལ་དུས 2023-02-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ལོ་ན63ལ་སླེབས་པའི་སྐལ་བཟང་ཕུན་ཚོགས་ཀྱིས་ཁེ་སྤོགས་བགོ་བའི་རེའུ་མིག་ལ་མིང་རྟགས་བཀོད་ཅིང་མཛུབ་ཐེལ་བརྒྱབ་རྗེས་སུ།  ལག་ཏུ་གྲོང་ཚོའི་ལས་བྱེད་པས་སྤྲད་པའི་དངུལ་སྨར་མཐུག་པོ་ཞིག་བཟུང་སྟེ་གདོང་ལ་དགའ་སྤྲོའི་འཛུམ་མདངས་འཕྱུར།
          ཉེ་ཆར།  བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བདེ་ཞིང་གྲོང་ཚོར2022ལོའི་ཐོན་ལས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོ་གཉེར་བ་རེད།  ཉིན་དེར་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཁེ་སྤོགས་ལེན་པར་ཡོང་བའི་གྲོང་མིས་ཁེངས་འདུག

བདེ་ཞིང་གྲོང་ཚོའི་ཐོན་ལས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོའི་རྣམ་པ།

བདེ་ཞིང་གྲོང་ཚོའི་ཐོན་ལས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོའི་རྣམ་པ།
          སྐལ་བཟང་ཕུན་ཚོགས་ཀྱི་ཁྱིམ་དུ་ནང་མི6ཡོད་པ་དང་ཡོང་འབབ་སྒོར་ཁྲི3.4བྱུང་ཡོད།  ཁོང་གིས་དངུལ་དེ་དག་རྒྱབ་ཁུག་ནང་འཇུག་ཞོར་འཛུམ་དམུལ་དམུལ་ངང“ལྷག་པར་དུ་གྲོང་ཚོའི་ལས་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  གལ་སྲིད་ཁོང་ཚོས་དཀའ་ལས་བརྒྱབ་མེད་ན་ང་ཚོར་དངུལ་མང་པོ་དེ་འདྲ་རག་མི་སྲིད”ཅེས་བཤད། 
          ལོ་ཤས་ཀྱི་གོང་དུ།  བདེ་ཞིང་གྲོང་ཚོའི་གྲོང་མི་ཚོའི་འཚོ་བ་དེ་ཙམ་ཡག་པོ་མེད་ཅིང་།  གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དཀོན་མཆོག་འཕྲིན་ལས་ཀྱིས།  སྐབས་དེ་དུས་གྲོང་ཚོར་ཐོན་ལས་མེད་པས་གྲོང་མི་ཚོ་ཕྱིར་གླ་པ་རྒྱུག་པར་འགྲོ་དགོས་པས་ཡོང་འབབ་ཡང་ཉུང་ཉུང་ལས་མེད་པ་རེད།

བདེ་ཞིང་གྲོང་ཚོའི་ཐོན་ལས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོའི་རྣམ་པ།
          2013ལོ་ནས་བཟུང་།  བདེ་ཤིང་གྲོང་ཚོས་ས་གནས་དེ་གའི་ཐོན་ཁུངས་དམ་འཛིན་བྱས་ནས་ཁྲོམ་རའི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ།  ཚེ་བདེའི་འབྲོག་ལས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་གྲོང་མིའི་འབབ་འཕར་ལ་སྐུལ་ཁྲིད་བྱས།  འབད་བརྩོན་བྱས་པ་བརྒྱུད་མཉམ་ལས་ཁང་གི་གཉེར་སྐྱོང་ལ་ཕན་འབྲས་ཡག་པོ་བྱུང་ནས་མང་ཚོགས་ཀྱི་འབབ་འཕར་ནུས་པ་གལ་ཆེན་ཐོན།  2019ལོར་ཕྱོགས་ཁག་གིས་མ་དངུལ་བཏང་སྟེ་མཉམ་ལས་ཁང་གི་གཉེར་སྐྱོང་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་བ་ནས་བཟུང་བདེ་ཞིང་གྲོང་ཚོ་འཕེལ་རྒྱས་མྱུར་པོ་བྱུང་།
         2022ལོར་མཉམ་ལས་ཁང་གིས་ལོ་རེར་འོ་མ་རྒྱ་མ་ཁྲི3.6དང་།  ཤ་རྒྱ་མ་ཁྲི2.6དང་།  མར་རྒྱ་མ་ཁྲི1ལྷག་ཙམ་སོགས་ལ་ཡོང་འབབ་སྒོར་ཁྲི100ལྷག་ཙམ་ཟིན་གྱི་ཡོད།
         བདེ་ཞིང་གྲོང་ཚོས་ད་དུང་ཞིང་འཕྲུལ་མཉམ་ལས་ཁང་དང་།  ཨར་སྐྲུན་ཀུང་སི།  འཕྲུལ་ཆས་བོགས་གཏོང་ཀུང་སི།  ཇ་ཁང་སོགས་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས7སྔ་རྗེས་སུ་བཙུགས་ནས། གྲོང་མིའི་ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་རེད།  2022ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ལ་ཡོང་འབབ་སྒོར་ཁྲི2300ལྷག་ཙམ་བྱུང་བ་དང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི3.5ལས་བརྒལ་ཡོད།

བདེ་ཞིང་གྲོང་ཚོའི་གྲོང་མིས་ས་གནས་ས་ཐོག་ཏུ་ཁེ་སྤོགས་བགོ་བའི་དངུལ་སྨར་ལེན་བཞིན་པ།
         “ཐེངས་འདིའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཀྱི་ཡོང་འབབ་ཁྲོད་ནས་ཐོན་ལས་ཀྱི་ཁེ་སྤོགས་ལ་སྒོར་ཁྲི458བཏང་ཡོད”ཅེས་བཤད། དཀོན་མཆོག་འཕྲིན་ལས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཁྲོད་ནུས་པ་ཆེ་ཙམ་འདོན་མཁན་དང་ལོ་མང་ནང་གྲོང་ཚོ་དེ་གར་ལས་ཀ་བྱེད་མཁན་མི་རེ་ངོ་རེར་སྒོར7000བགོས་པ་དང་།  ལོ60ཡན་གྱི་མི་སྣ་དང་།  སློབ་གྲྭར་ཡོད་པའི་སློབ་མ།  ན་སོ་དར་ལ་མ་བབས་པའི་མི་བཅས་ལ་མི་རེར་སྒོར5000བགོ་འགྲེམས་བྱས་པ་དང་།  ངལ་རྩོལ་ནུས་ཤུགས་ལྡན་མོད། འོན་ཀྱང་ལོ་ལྟར་ཕྱིར་གླ་པར་སྐྱོད་མཁན་མི་རེར་སྒོར2000བགོ་བཤའ་བརྒྱབ།
         གྲོང་མི་ཐུབ་བསྟན་གྱི་ཁྱིམ་དུ་ཁྱོན་མི7ཡོད་པར་སྒོར་ཁྲི3.9རག་ཡོད་པ་དང་།  ད་ལོ་ཁོང་ཚོའི་ཁྱིམ་དུ་བོད་ལུགས་ཁང་པ་ཉིས་ཐོག་ཅན་ཞིག་གསར་རྒྱག་བྱས་པ་དང་ཐུབ་བསྟན་གྱིས་ཁེ་སྤོགས་བགོ་བའི་དངུལ་ནང་ནས་སྒོར་ཁྲི་གཅིག་བཏོན་ནས་ཁྱིམ་ཆས་གསར་པ་ཉོ་རྩིས་འདུག  “ཉིན་འདི་དག་རིང་ང་གྲོང་ཁྱེར་དུ་ཁྱིམ་ཆས་ཉོ་བར་འགྲོ་གི་ཡིན”ཞེས་བཤད།   
རྩོམ་སྒྲིག་པ།  བསྟན་ཆོས།