ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད། མི་སེར་ལ་ཞབས་འདེགས་ཞུས།

སྤེལ་དུས 2023-02-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
“ང་ཚོའི་ཀྲུང་གོའི་ཕུགས་འདུན། རིག་གནས་ཁྱིམ་ཁྲིར་གཤམ་སྤེལ”ཞེས་པའི་སྐོར་སྐྱོད་འཁྲབ་སྟོན་རྒྱལ་རྩེར་བྱས་པ།
 
 འདི་ནི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་ཡུལ་ཡིན་པ།
  ཉིན་ཤས་བསྟུད་མར་ང་ཚོའི་ཀྲུང་གོའི་ཕུགས་འདུན། རིག་གནས་ཁྱིམ་ཁྲིར་གཤམ་སྤེལ་ཞེས་པའི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་རྒྱལ་རྩེ་རྫོང་དུ་སྤེལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནས་སྤྱི་པའི་རིག་གནས་ཞབས་ཞུ་ཉོ་བའི་རྣམ་པར་བརྟེན་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚད་ཡོད་ཀུང་སི་སྒྲིག་འཛུགས་བྱས་ཏེ་སྤེལ་བའི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་ཞིག་རེད། བྱེད་སྒོ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ཁྱིམ་ཚང་ཁྲི་སྟོང་ལ་གཤམ་སྤེལ་དང་མི་སེར་ལ་ཞབས་འདེགས་ཞུ་བ་དམིགས་ཡུལ་དུ་བཟུང་བའི་ཁར། མི་དམངས་ལྟེ་བར་བྱེད་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རྣམ་པ་སྣ་ཚོགས་དང་། ནང་དོན་ཕུན་སུམ་ཚོགས་པ། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བཅས་ཀྱི་རིག་གནས་བྱེད་སྒོ་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་གཞི་རིམ་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་བསྐངས་པ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་སྐྱོད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
  འཁྲབ་སྟོན་བྱེད་སྒོ་དེ་ཞབས་བྲོ་དང་། གླུ་གཞས། འཁྲབ་ཚན་ཐུང་ངུ་། ལྷ་མོ་སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་དང་། དེ་བཞིན་མི་སེམས་ལ་ཟུག་པའི་ནང་དོན་ལ་བརྟེན་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་འཁྲུག་ཏུ་བཏང་བ་དང་། ཤེས་དཔལ་ཞི་མཐུན་དང་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་བཏོད་པ་མ་ཟད། ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གོ་བ་ལོན་ཚད་ཀྱང་ཟབ་ཏུ་ཕྱིན་ནས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པར་ངོས་འཛིན་གསལ་པོ་ཐུབ་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།