ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཐུག་དང་ཇ་མངར་མོའི་ཟ་ཁང་གི་རིམ་སྤོར་ལས་དོན་སྤེལ་འཆར་འདུག

སྤེལ་དུས 2023-02-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སློབ་གྲྭའི་ཟ་ཁང་དང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར། དྲ་རྒྱའི་ལས་སྟེགས་སོགས་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་མཁན་ལ་དམིགས་ཏེ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པ་རེད།

  དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ད་དུང་ལྗོངས་ཡོངས་ཀྱི་ཇ་མངར་མོ་དང་བོད་ཐུག་ཟ་ཁང་གི་རིམ་སྤོར་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཇ་མངར་མོ་དང་བོད་ཐུག་ཟ་ཁང་གི་གཉེར་སྐྱོང་བའི་ཚད་ལྡན་ཆུ་ཚད་དང་བཟའ་བཏུང་ཁེ་ལས་ཀྱི་རང་ངོས་དོ་དམ་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་རྒྱུ་རེད།
  གཞན་ཡང་། ད་ལོར་བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ནག་ཆུ་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ལ་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་ཁག་བཞི་པ་དང་ལྔ་པ་ཧུར་ཐག་གཏོད་རྒྱུར་མཛུབ་ཁྲིད་བྱ་རྒྱུ་དང་། དེ་དང་ཆབས་ཅིག《རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་གལ་ཆེན་གྱི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་ཐབས》འདོན་རྒྱུར་སྐུལ་འདེད་བཏང་སྟེ《ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་གསོལ་སྟོན་དང་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་མཛུབ་ཁྲིད་བསམ་འཆར》བཟོས་ནས་པར་འགྲེམས་བྱས་ཏེ་བཟའ་བཅའི་བདེ་འཇགས་ལ་ལམ་ལུགས་ཀྱིས་འགན་ལེན་བྱ་རྒྱུ་རེད།

  འདི་ལོ་ད་བོད་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱས་ནས་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་ཚད་ལེན་དང་རིག་ནུས་ལྟ་སྐུལ་དོ་དམ་སོགས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།