བོད་ལུགས་གསོ་རིག་ཐད་ཆེད་དུ་སྤྱོད་པའི་ཐོན་རྫས་ཐོག་མ་དངོས་སུ་་་
སྤེལ་དུས 2023-07-06
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
རྒྱལ་ཡོངས་ཀྱི་ཐོག་མ།
ཉེ་ཆར། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཆེད་སྤྱོད་ཡོ་བྱད་ཐོག་མ“ཐེངས་གཅིག་རང་བཞིན་གྱི་གཙགས་བུ”དངོས་སུ་ཁྲོམ་རར་བཏོན་ནས། བོད་ལུགས་གསོ་རིག་གི་ཕྱིའི་ཁྲག་གཏར་བ་དང་གྲི་ཆས་ཐོན་རྫས་ཀྱི་ལག་རྩལ་རེ་བ་མེད་པའི་སྟོང་ཆ་བསྐངས་ནས། བོད་ལུགས་གསོ་རིག་གི་ཕྱི་བཅོས་སྨན་བཅོས་ཡོ་བྱད་ཐོན་ལས་ཅན་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།
བོད་ལུགས་གསོ་རིག་གི་ཆེད་སྤྱོད་སྨན་བཅོས་ཡོ་བྱད།
ངོ་སྤྲོད་བྱས་པར་གཞིགས་ན། “ཐེངས་གཅིག་རང་བཞིན་གྱི་གཙགས་བུ”ནང་སྟ་སོ་གྲི་དང་། སྒྲོ་སོ་གྲི ཟོར་སོ་གྲི གསེག་སོ་གྲི་བཅས་བཟོ་དབྱིབས་རིགས་བཞི་ཚུད་ཡོད། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་ཁྲག་གཏར་བའི་གྲིའི་གྲུབ་ཆའི་རྨང་གཞིའི་ཐོག་གདུབ་དབྱང་ཁ་ཝོན་སྲིན་སེལ་གྱི་བྱེད་ཐབས་བརྒྱུད་སྤྱོད་ཐེངས་གཅིག་ཅན་གྱི་འབུ་ཕྲ་མེད་པའི་ཐོན་རྫས་སུ་ཇུས་འགོད་བྱས་པ་དང་། དེའི་གཞི་རྩའི་རྩ་བའི་རིགས་པ་དང་། གྲུབ་ཆ། ནུས་པ། བདེ་འཇགས་བཅས་ཚང་མ་དེང་རབས་སྨན་བཅོས་ཡོ་བྱད་ཀྱི་འབྲེལ་ཡོད་ཚད་གཞི་དང་མཐུན་པ་རེད།
གཞི་ཁྱོན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་བ།
བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུད་ཏང་ཙུའུ་ཡི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ཀུའོ་ནའེ་ཞུང་གིས། ཐོན་རྫས་འཕེལ་རྒྱས་འཆར་འགོད་དང་ཞིབ་འཇུག་གསར་སྤེལ་ནས་ཐོ་འགོད་ཁྲོམ་རར་བཏོན་པ་དེས། བོད་ལུགས་གསོ་རིག་གི་ཁྲག་གཏར་བའི་ནད་ཐོག་སྨན་བཅོས་མཁོ་སྤྲོད་བདེ་འཇགས་རང་བཞིན་གྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ཐུབ་པ་དང་འབྲེལ་ཡོད་ལག་རྩལ་ཚད་གཞི་དེས། འབྱུང་འགྱུར་བོད་ལུགས་གསོ་རིག་གི་ཡོ་བྱད་གསར་སྤེལ་བེད་སྤྱོད་དང་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བར་དཔེ་སྟོན་གྱི་ནུས་པ་ཐོན་ཡོད་ཅེས་བཤད་པ་རེད།