ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས“པང་གདན་གྱི་ཕ་ཡུལ”གྱིས་ལོ་ངོ་སྟོང་ཕྲག་གི་གཟུགས་འདས་ལག་རྩལ་རྒྱུན་འཛིན་བྱས་ནས་མཐོ་སྒང་གི་མཛེས་སྡུག་རི་མོ་འབྲི་བ།

སྤེལ་དུས 2023-10-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ལྷ་སྒྲོན་མཚོ་ཡིས་བསྒྱུར།
             བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ལ“པང་གདན་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན་ཞིང་། ས་འདིའི་སྡོང་དམངས་མང་ཆེ་ཤས་ཀྱིས་པང་གདན་བཟོ་ཤེས་པ་རེད། 2006ལོར་བོད་རིགས་ཀྱི་པང་གདན་བཟོ་རྩལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོང་མིང་བྱང་ནང་བཞག་པ་རེད།
             ལྕེ་བདེ་ཞོལ་གྲོང་རྡལ་གྱི་སྡེ་མི་སྐལ་རི་ད་ལོར་ལོ60ཡིན་པ་དང་། མོ་ནི་ཁྱིམ་གྱི་པང་གདན་བཟོ་རྩལ་རྒྱུན་འཛིན་མཁན་མི་རབས་བཞི་པ་ཡིན་པ་མ་ཟད། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བོད་རིགས་པང་གདན་བཟོ་རྩལ་རྒྱུན་འཛིན་བྱེད་མཁན་ཡིན། མོས་ངོ་སྤྲོད་པ་ལྟར་ན། པང་གདན་ནི་ལོ་ངོ་སྟོང་ཕྲག་སྔོན་ལ་བོད་རིགས་མེས་པོ་ཚོས་ཆར་རྗེས་ཀྱི་ཁ་མདོག་རྣམ་པར་བཀྲ་བའི་འཇའ་ཚོན་ལ་ལྟོས་ནས་བཟོས་པ་ཡིན་ཟེར།
             ལོ12ཡིན་དུས། སྐལ་རི་ཡིས་པང་གདན་བཟོ་བའི་ལག་རྩལ་སློབ་མགོ་བརྩམས་པ་དང་། 2002ལོར།སྐལ་རི་དང་རང་གི་སྐྱེས་པས་ལྕེ་བདེ་ཞོལ་གྲོང་རྡལ་སྐལ་བཟང་པང་ཁེབས་ཞིང་བའི་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་ཐོག་མར་འཛུགས་སྐབས་མ་དངུལ་འཁོར་བསྐྱོད་ཐད་དཀའ་ངལ་ཆེན་པོ་བྱུང་བས་ཁེ་བཟང་ཅུང་ཉུང་ལ། རྗེས་སུ་ཁོ་གཉིས་ཀྱིས་པང་གདན་བཟོ་ཚུལ་ལེགས་སྒྱུར་བྱས་ཤིང་སྲིད་གཞུང་གིས་ཀྱང་དངུལ་བུན་བཏང་ནས་སྲིད་ཇུས་ཀྱི་རམ་འདེགས་བྱས་པས་མཉམ་ལས་ཁང་རིམ་བཞིན་དྲང་ལམ་ནང་དུ་བསྐྱོད་པ་རེད། ད་ལྟ། དུས་ཚིགས་གཅིག་གི་ནང་ལ་པང་གདན1000ལྷག་འཚོང་ཐུབ་པ་མ་ཟད། ལོའི་ཕྱིར་འཚོང་ཚད་སྒོར་ཁྲི200ཟིན་པ་རེད། 
             མཉམ་ལས་ཁང་དུ་བསྐྱོད་ཚེ། མིག་ལམ་དུ་མངོན་པ་ནི་པང་གདན་བཟོ་བཞིན་པའི་བཟོ་བ་འགའ་ཡིན་ལ། བསོད་ནམས་གཡང་འཛོམས་ནི་དེ་ནང་གི་གཅིག་ཡིན། མོས“མཉམ་ལས་ཁང་གིས་ང་ལ་རོགས་ཆེན་པོ་བྱས་ཡོད། ང་ཚོས་རང་གི་བུ་ཕྲུག་སློབ་གྲྭར་བསྐྱལ་རྗེས་པང་གདན་བཟོ་རུ་ཡོང་ཆོག ། ནང་ཡོང་ཀྱང་ཆོག་པས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་སོང་བ་མ་ཟད། ད་དུང་ལག་རྩལ་གསར་བ་སློབ་ཐུབ”ཅེས་ཟེར།  
             ད་ལྟ། མཉམ་ལས་ཁང་གི་འཁོར་བསྐྱོད་འགན་ཁུར་མཁན་གཙོ་བོ་སྐལ་རིའི་བུ་མོ་བསྟན་འཛིན་སྒྲོན་དཀར་ཡིན་པ་དང་། མོས་ལོ13སྐབས་སུ་སྐལ་རི་དང་མཉམ་དུ་པང་གདན་བཟོ་ཚུལ་སློབ་པ་རེད། ན་གཞོན་མོས་མ་འོངས་པའི་འཕེལ་རྒྱས་ཐད་ལ་བསམ་ཚུལ་མང་པོ་ཞིག་ཡོད། །  


་བསྟན་འཛིན་སྒྲོན་དཀར་གྱིས་མཉམ་ལས་ཁང་གི་བཟོ་བ་ཞིག་དང་ལྷན་ཏུ་སྲོལ་རྒྱུན་གྱི་གདན་འཐག་འཕྲུལ་ཆས་སྒྲིག་བཞིན་པའི་ཚུལ།


རྩོམ་སྒྲིག་པ། རིག་གྲོལ།