ཟླ11པའི་ཚེས28ཉིན་གྱི་སྔ་དྲོར། སི་ཁྲོན་ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་བར་གསར་དུ་བསྐྲུན་པའི་ལྕགས་ལམ་ཆིང་པའེ་ཅང་ཤར་རྒྱུད་ནས་ཀྲེན་ཅང་ཀོན་ལམ་དུམ་སྟེ། ཁྲོན་མཚོ་ལྕགས་ལམ་ཆིང་པའེ་ཅང་ཤར་རྒྱུད་ནས་ཀྲེན་ཅང་ཀོན་བར་གྱི་ལམ་དུམ་ཤར་གཏོང་ཐུབ་ནས། ཁྲེང་ཏུའུ་འབབ་ཚུགས་ཤར་མ་ནས་སན་ཤིང་ཏུའེ་བར་དང་ཀྲེན་ཅང་ཀོན་འབབ་ཚུགས་བར་མགྱོགས་ཤོས་ལ་སོ་སོར་སྐར་མ18དང་སྐར་མ86ལས་འགོར་གྱི་མེད།
ཁྲོན་མཚོ་ལྕགས་ལམ་ཆིང་པའེ་ཅང་ཤར་རྒྱུད་ནས་ཀྲེན་ཅང་ཀོན་བར་གྱི་ལམ་དུམ་འདི་ཉིད་ཁྲེང་ཏུའུ་ཡི་བདེ་ཐང་ནས་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་ཀྱི་མཐའ་མཚམས་སུ་བར་བརྒལ་བྱེད་པའི་རི་མཐོའི་གྲོག་རོང་ཁུལ་དུ་གནས་ཤིང་། ས་བབ་ཀྱང་ཨན་ཀྲོའུ་འབབ་ཚུགས་ཀྱི་སྨི634ནས་ཀྲེན་ཅང་ཀོན་འབབ་ཚུགས་ཀྱི་སྨི2503བར་མཐོ་རུ་ཕྱིན་ཡོད་ལ། མཐོ་ཁྱད་སྨི2000ཙམ་ཡོད། མཐོ་ཁྱད་ཆེན་པོ་དེ་འདྲར་མེ་འཁོར་བསྡད་ཚེ་མྱོང་ཚོར་གང་འདྲ་ཡོད་དམ།
ཤུགས་འགྲེམས་མེ་འཁོར་ཁྲེང་ཏུའུ་འབབ་ཚུགས་ཤར་མ་ནས་ཐོན་ཏེ་སྐར་མ40ཡང་མ་སོང་བར་ཁྲེང་ཏུའུ་ཡི་བདེ་ཐང་ནས་བྲལ་ཏེ་གཡང་གཟར་ཁྲོད་ཁྲོན་ནུབ་ས་མཐོར་བསྐྱོད།
སི་ཁྲོན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཧོའུ་ཡུས་སན་གྱིས། ས་བབ་མཐོ་ཚད་ཀྱི་ཚད་ལེན་ཚོད་ལྟའི་ཡོ་བྱད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་རྒྱུན་ཆད་མེད་པར་འགྱུར་ལྡོག་དང་མཐོ་རུ་འགྲོ་བཞིན་ཡོད་པ་དེ་ནི་སྐར་ཆ་གཅིག་སོང་རྗེས་ས་བབ་སྨི1མཐོ་རུ་འགྲོ་བ་དང་གཅིག་མཚུངས་རེད་ཅེས་བརྗོད།
ཁྲེང་ཏུའུ་ཡི་འཕྲུལ་གཉེར་ལམ་དུམ་གྱི་ཤུགས་འགྲེམས་མེ་འཁོར་བེད་སྤྱོད་འཁོར་ཁང་ཤིས་ཁྲེང་མེ་འཁོར་རུ་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡའོ་ལེང་གིས། ང་ཚོས་གྱེན་ལམ་དུ་ཁ་བཀག་དགོས་པ་མ་ཟད། ད་དུང་གནད་ལ་འཁེལ་པོས་ཚད་གཞི་དང་བསྟུན་ནས་འགྲུལ་པའི་སྐྱིད་སྣང་དང་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བརྗོད།
སྤྱིར་བཏང་གི་ཤུགས་འགྲེམས་མེ་འཁོར་དང་མི་འདྲ་བར་ཁྲོན་མཚོའི་ལྕགས་ལམ་ཐོགCRH2Gརྟགས་ཅན་གྱི་མཐོ་གྲང་ཤུགས་འགྲེམས་མེ་འཁོར་སྤྱད་ཡོད་པས། མེ་འཁོར་ལའང་མཐོ་གྲང་དང་བྱེ་རླུང་འགོག་པ། དྲོད་ཚད་མཐོ་པོ་ཐེག་པ། སྨུག་ཕྱིའི་འོད་འགོག་པ་སོགས་ཀྱི་ནུས་པ་ལྡན་ཡོད།
ཁྲེང་ཏུའུ་ཡི་ཤུགས་འགྲེམས་མེ་འཁོར་ལམ་དུམ་གྱི་མེ་འཁོར་འཕྲུལ་ཆས་བཟོ་བཀོད་པ་ལིའུ་ཀྲུང་ཡུས་ཀྱིས། ང་ཚོའི་ཤུགས་འགྲེམས་མེ་འཁོར་ནི་མཐོ་གྲང་ཤུགས་འགྲེམས་མེ་འཁོར་ཞིག་ཡིན་པས། -40℃ཡི་གྲང་ངར་ཧ་ཅང་ཆེ་བའི་གནམ་གཤིས་ལ་ཁ་གཏད་འཇལ་ཐུབ། འདི་ནི་ང་ཚོའི་མེ་འཁོར་གྱི་དྲོད་སྙོམས་ཆས་ཆ་ཚང་ཚོད་འཛིན་བྱེད་པའི་སྒྲིག་ཆས་ཡིན་ལ། ཕྱི་རོལ་གྱི་དྲོད་ཚད-20℃ནས-30℃ཡི་ཡས་མས་སུ་ཆག་སྐབས། ང་ཚོས་ལག་འགུལ་ནས་མེ་འཁོར་ནང་གི་དྲོད་ཚད་གཏན་པོ་ཡོང་ཐབས་བྱས་ཏེ་འགྲུལ་པ་མེ་འཁོར་ལ་སྡོད་པའི་ཁོར་ཡུག་སྔར་བས་བཟང་པོ་ཞིག་བསྐྲུན་ཡོད་ཅེས་བརྗོད།
གཞན་ཡང་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཞབས་འདེགས་ཞུ་བ་དེ་ཡང་ལམ་ཐིག་དེའི་ཁྱད་ཆོས་ཆེ་ཤོས་ཤིག་ཡིན། མེ་འཁོར་ནང་ད་དུང་ལ་དུག་གི་སྨན་གྲ་སྒྲིག་བྱས་ཡོད་ལ། མེ་འཁོར་ནང་གི་རྣ་འུར་ལུས་རྩལ་གྱིས་ཀྱང་ཡུལ་སྐོར་དེ་བས་སྐྱིད་སྣང་དོད་དུ་འགྲོ་སྲིད།
རྩོམ་སྒྲིག་པ། ལྷ་འབྲུག