ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ས་མཐོའི་རྐང་རྩེད་སྤོ་ལོའི་ཟུང་རྟགས་བསྐྲུན་པར་སྐུལ་འདེད་བཏང་བ།

སྤེལ་དུས 2024-01-08 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།





            ཟླ་དང་པོའི་ཚེས4ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོའི་རྐང་རྩེད་སྤོ་ལོའི་ཐང་དུ་བྱིས་པ་ཚོར་རྔུལ་ཆུ་བཞུར་བཞིན་རྐང་རྩེད་སྤོ་ལོ་བརྩེ་བཞིན་ཡོད། 
            ཉེ་བའི་ལོ་ཤས་རིང་།  ཆུ་དམར་ལེབ་རྫོང་གིས་མཚོ་བོད་ས་མཐོའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་སྤུས་རྟགས་བསྐྲུན་པར་ཤུགས་བསྣན་ཏེ། རྐང་རྩེད་སྤོ་ལོའི་བྱེད་སྒོ་དེ་སྤུས་ཚད་མཐོ་པོའི་སྒོ་ནས་སློབ་གསོ་སྤུས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་དུས་རབས་ཀྱི་མི་གསར་པ་སྐྱེད་སྲིང་བྱེད་པའི་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། རྐང་རྩེད་སྤོ་བོ་གཙོ་བོར་བཟུང་ནས་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། རིག་གྲོལ།