ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་མཐར་ཕྱིན་སློབ་མས་ལྗོངས་ཕྱིའི་ལས་ཞུགས་ཐད་ཕན་འབྲས་ཐོན་པ།

སྤེལ་དུས 2024-01-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ།

           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཚོགས་ཐོག་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་བཟུང་རིམ་རྩིས་བྱས་ན་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི1.3ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་མངོན་འགྱུར་བྱུང་བ་ནི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལྗོངས་ཕྱིའི་འབྲེལ་གཏུག་སྤེལ་རེས་ཀྱི་འབྲེལ་ཐག་དང་འབྲེལ་ཟམ་དུ་གྱུར་ནས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསར་པ་ཞིག་ཏུ་གྱུར་ཡོད།

       བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཚོགས་ཀྱི་ཡུལ་དངོས། 

           སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་ཇེ་དོད་དུ་ཕྱིན་ཅིང་།  ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཕྱིར་ལས་ཞུགས་བྱེད་པའི་འདུན་པ་ཆེ་རུ་ཕྱིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས《མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་ཆ་ཚང་བའི་སྲིད་ཇུས30ལྷག་ཙམ་བཏོན་ནས་འཚོ་བའི་ཁ་གསབ་དང་།  སྡོད་ཁང་ཁ་གསབ།  འཁོར་ཞག་འགྲོ་གྲོན།  ཁྱིམ་གཞིས་འཛུགས་དངུལ།  ལས་ཞུགས་བརྟན་གཏོང་བྱ་དགའ་སོགས་ཀྱི་ཐད་རོགས་སྐྱོར་ཤུགས་ཆེན་བྱས་པར་ལྗོངས་ཕྱིའི་ཁྲོམ་རའི་ལས་ཞུགས་ཁ་གསབ་མཐོ་ཤོས་སྒོར་ཁྲི30ལྷག་ཙམ་ཟིན་ནས་སྲིད་ཇུས་ཀྱི་སྣེ་ཁྲིད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཐོབ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ནས་སྡོད་ཁང་དང་།  གཞིས་ཆགས་པ། འཁོར་ཞག་ལ་འགྲོ་བ།  བུ་ཕྲུག་སློབ་གྲྭར་སྐྱོད་པ་སོགས་ཀྱི་ཐད་ནས་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་སེམས་ཁུར་དང་རྒྱབ་སྐྱོར་གང་མང་བ་བྱས་ཏེ།  སྲིད་ཇུས་ལེགས་བསྡུས་ཅན་དང་ཁ་གསབ་གསབ་རེས་རྣམ་པའི་ལྗོངས་ཕྱིའི་ལས་ཞུགས་རྒྱབ་སྐྱོར་མ་ལག་ཅིག་ཆགས་པ་བྱས་ནས།  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་སྲིད་ཇུས་ཀྱི་ཁྲིད་སྟོན་རང་བཞིན་ཆེ་རུ་ནུས་ལྡན་བཏང་ཡོད། ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་ཆེན་སློབ་མ6353དང་དེ་སྔའི་མཐར་ཕྱིན་སློབ་མའི་འདྲི་ཤོག་བརྟག་དཔྱད་ལས་མངོན་པར།  ལྗོངས་ཕྱིར་ལས་ཞུགས་བྱེད་འདོད་ཡོད་པའི་མི་གྲངས3511ཟིན་ནས55.27%བཟུང་ཡོད། དེ་དང་ཆབས་ཅིག་ལྗོངས་ཕྱིར་ལས་ཞུགས་བྱས་ཟིན་པའི་སློབ་མ་ཁག་གཅིག་ལ་བརྟག་དཔྱད་བྱས་པའི་ནང་དུ60%ཡན་གྱི་མིས་ལྗོངས་ཕྱིར་ལས་ཞུགས་བྱེད་པར་འཕེལ་རྒྱས་ཀྱི་བར་མཐོངས་ཤིག་ཡོད་པ་དེའི་ཐོག་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལྗོངས་ཕྱིའི་ལས་ཞུགས་ལ་ཁྱོན་ཡོངས་དང་ངོས་འཛིན་གཏིང་ཟབ་དང་སྟངས་འཛིན་ཐུབ་པ་མཚོན་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

          ཐབས་ལམ་སྣ་ཚོགས་གསར་གཏོད་བྱས་ནས་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད།  རང་འགུལ་ངང་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་།  བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར།  བོད་སྐྱོར་ཀྲུང་དབྱང་ཁེ་ལས་བཅས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བརྒྱབ་ནས།  བོད་ལྗོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སློབ་རྒྱུས་དང་ཆེད་ལས་ཀྱི་ཁྱད་ཆོས་དང་འཚམ་པའི་སྤུས་ལེགས་ལས་གནས་མང་པོ་བརྩོན་ལེན་བྱས་ཏེ།  ལོ་རེར་ལྗོངས་ཕྱིའི་ལས་ཞུགས་ལས་གནས་ཁྲི2ལྷག་ཙམ་མཁོ་འདོན་བྱས་ཡོད། ལྗོངས་ཕྱིའི་ལས་ཞུགས་མི་གྲངས2016ལོའི154ནས2022ལོའི3235བར་མང་དུ་ཕྱིན་པ་དང་།  ལྗོངས་ཕྱིའི་ལས་ཞུགས་མི་གྲངས་ཀྱིས10%ལས་བརྒལ་ཡོད།  “ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་ཁྱབ་གདལ་བཏང་སྟེ་ལྗོངས་ཕྱིར“ཚོགས་སྒྲིག་རྣམ་པའི”ལས་ཞུགས་རྟེན་གཞི30བསྐྲུན་པ་དང་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མང་པོ་ལྗོངས་ཕྱིར་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

          རྗེས་འདེད་ཞབས་ཞུར་ཤུགས་སྣོན་གང་ལེགས་བརྒྱབ་ནས།  ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཕྱིར་ལས་ཞུགས་བྱེད་པར་སྐྱོད་པའི་བརྟན་པོའི་རང་བཞིན་རིམ་བཞིན་ཆེ་རུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད། རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ལོ་ལྟར་ཆེད་མངགས་མི་སྣ་མངགས་ནས།  ལྗོངས་ཕྱིའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་འཚམས་འདྲི་བྱས་ཏེ།  དཀའ་ངལ་ཡོད་པའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་ཀྱི་ཡོད། བོད་སྐྱོར་ཞིང་ཆེན་དང་།  གྲོང་ཁྱེར།  ཁྲེང་ཏུའུ་བཅས་ཁག་ཏུ་ལྗོངས་ཕྱིའི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས18བཙུགས་ཤིང་།  ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་ལྗོངས་ཕྱིར་ལས་གནས་སྦྲེལ་མཐུད་དང་།  སྲིད་ཇུས་བློ་འདྲི།  མཐུན་སྦྱོར་འབྲེལ་གཏུག དཀའ་ངལ་རོགས་སྐྱོར།  སེམས་ཁམས་ཟུར་ཁྲིད།  སྡེ་ཚོགས་འཛུགས་སྐྱོང་སོགས་ཁྱོན་ཡོངས་ནས་ཞབས་འདེགས་ཞུ་བར་བཏང་བ་རེད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་དམིགས་བསལ་ཐུགས་ཁུར་གནང་བ་དང་།  ཁྱོན་ཡོངས་ནས་ལས་དོན་འཚམ་མཐུན་དང་སྤེལ་རེས་མཉམ་འདྲེས་སོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཤིང་།  ལྗོངས་ཕྱིའི་ལས་ཞུགས་མཐར་ཕྱིན་སློབ་མའི་གཏོགས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ།  ཁོང་ཚོ“ཕྱིར་སྐྱོད་ཐུབ་པ་དང་།  གནས་ཐུབ་པ།  ལས་ཀ་ཡག་པོ་བྱེད་ཐུབ་པ།  མཉམ་འདྲེས་ཐུབ་པ། གཞིས་ཆགས་ཐུབ་པ”བཅས་བྱེད་རོགས་བྱས་ཡོད། ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མང་པོ་ཞིག་གིས་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་བྱེད་འདོད་ཡོད་པ་དང་།  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་དུས་ཡུན་ལ་བརྟག་དཔྱད་བྱས་པ་ལས་མངོན་པར།  ལྗོངས་ཕྱི་རོལ་དུ་ཡུན་རིང་ལས་ཞུགས་བྱེད་འདོད་མཁན་གྱིས25%བཟུང་བ་དང་།  ལོ10ཡན་འདུག་འདོད་ཡོད་མཁན7.81%བཟུང་ཡོད།  ལོ་གསུམ་ནས་ལྔའི་བར་འདུག་འདོད་ཡོད་མཁན47.87%བཟུང་ཡོད།  ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མང་པོ་ལྗོངས་ཕྱིར་ལས་ཞུགས་བྱས་ནས་གཞི་ཚུགས་པ་དང་།  ལྗོངས་ཕྱིར་ཁྱིམ་གཞིས་ཆགས་པ།  ལ་ལས“ཁྱིམ་ཚང་ཡག་ཤོས”བཙུགས་པ་དང་།  ལ་ལ“སྲིད་དོན་སྐར་མ”དང“ལས་རིགས་སྔོན་ཐོན”ལ་བདམས་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི“ས་བོན”དང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

 

རྩོམ་སྒྲིག་པ། མང་ག་མཚོ།