ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཨང་དང་པོའི་གཡུང་ཆེན་ལྷ་མོར་བཀྲ་ཤིས་བདེ་ལེགས་ཞུ།

སྤེལ་དུས 2024-02-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
 

        ཟླ2པའི་ཚེས19ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཡ་པང་གངས་ཤུད་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་དང་སྐྱེས་པའི་འགག་གྲོལ་བང་འགྲན་དང་། གཞོན་ནུའི་ཚོགས་ཆུང་གི་བུད་མེད་དང་སྐྱེས་པའི་འགག་གྲོལ་བང་འགྲན་གྱི་རྟིང་རྩོད་འགྲན་བསྡུར་ནི་ཝུའུ་ལན་ཁྲ་པུའི་ལེང་གྲོང་འགྲན་ཁུལ་དུ་སྤེལ་ཞིང་། བོད་ལྗོངས་ཀྱི་ལུས་རྩལ་པ3སྟེ་སོ་སོར་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་དང་། སྐྱེས་པ། གཞོན་ནུའི་ཚོགས་ཆུང་གི་བུད་མེད་བཅས་ཀྱི་རྟིང་རྩོད་འགྲན་བསྡུར་ནང་ཞུགས།    

         མཇུག་མཐར་གཡུང་ཆེན་ལྷ་མོས་ཡ་པང་གངས་ཤུད་འགག་གྲོལ་བང་འགྲན་རྣམ་གྲངས་གཞོན་ནུ་ཚོགས་ཆུང་གི་བུད་མེད་ཀྱི་ཨང་དང་པོ་ཐོབ་ལ། འདི་ནི་ཐེངས་འདིའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ཐོག་ཏུ་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཐོབ་པའི་གསེར་གྱི་རྟགས་མ་བཞི་པ་རེད། གཞན་ཡང་ཧྲི་ཧྥུའུ་ཝུན་གྱིས་གངས་ཤུད་ཡ་པང་འགག་གྲོལ་བང་འགྲན་རྣམ་གྲངས་ཡོངས་བསྒྲགས་ཚོགས་ཆུང་གི་སྐྱེས་པའི་ཨང་ལྔ་པ་ཐོབ།
 
རྩོམ་སྒྲིག་པ། མང་ག་མཚོ།