ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2024ལོའི“འོད་སྟོང་བོད་ལྗོངས” བྲག་འཛེག་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་གཞིས་ཀ་རྩེ་གྲོང་ཁྱེར་དུ་གཉེར་བ།

སྤེལ་དུས 2024-07-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསྟན་ཆོས།

            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཉེ་ཆར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་གཉེར་བའིའོད་སྟོང་བོད་ལྗོངས བྲག་འཛེག་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཇོ་མོ་གླང་མའི་རྒྱལ་སྤྱིའི་རི་འཛེག་ཐོན་ལས་གཉེར་སྐྱོང་ཞབས་ཞུ་ལྟེ་གནས་སུ་སྤེལ་ཅིང་།  གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་དེ་བཞིན་འགྲམ་གྲོང་རྡལ་སློབ་ཆུང་ནས་ཡོང་བའི་དགེ་སློབ་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས།


བྱེད་སྒོའི་ཡུལ་དངོས།


བྱེད་སྒོའི་ཡུལ་དངོས།


བྱེད་སྒོའི་ཡུལ་དངོས།


བྱེད་སྒོའི་ཡུལ་དངོས།


བྱེད་སྒོའི་ཡུལ་དངོས།


བྱེད་སྒོའི་ཡུལ་དངོས།

            ད་ཐེངས་ཀྱི་བྱེད་སྒོ་དེ་གཙོ་བོ་ཆེད་ལས་ལུས་རྩལ་པའི་ངོ་མཚར་ཆེ་བའི་འཁྲབ་སྟོན་དང་བྲག་འཛེག་ལུས་རྩལ་གྱི་ཤེས་བྱ་མཉམ་སྤྱོད། དགེ་སློབ་དངོས་སུ་ཉམས་ལེན་བྱེད་པ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྤེལ་བ་དང་མཐའ་མཚམས་ས་ཁུལ་གྱི་སློབ་མར་བྲག་འཛེག་ལུས་རྩལ་ཁྱབ་གདལ་དང་ཁྱབ་གདལ་གཏོང་རྒྱུ་རེད།

            བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་བརྟན་ཞིང་མཐའ་མཚམས་དར་ཞིང་དམངས་ཕྱུག་གི་བྱ་སྤྱོད་ལ་ལུས་རྩལ་སྟོབས་ཤུགས་ལེགས་སྐྱེས་འབུལ་གང་ཐུབ་བྱེད་ཀྱི་ཡོད་ཅེས་བཤད།


རྩོམ་སྒྲིག་པ། རིག་གྲོལ།