ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

​ཀྲའོ་ལེ་ཅི་ཡིས་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ།

སྤེལ་དུས 2024-07-11 ཡོང་ཁུངས། རྡོ་རྗེ་བསམ་འགྲུབ། རྩོམ་པ་པོ། ཀྲུང་གོ་བོད་ཀྱི་དྲ་བ།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཚོགས་ཀྱི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ནཱ་ཨར་པ་ཡེ་ཝ་དང་ཁྲིམས་འཛུགས་ཁང་གི་གྲོས་དཔོན་དབྱི་སི་མོ་དབྱི་ལུའོ་ཧྥུའུ་ཡིས་གདན་དྲངས་པ་ལྟར། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས6ཉིན་ནས་ཚེས9ཉིན་བར་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ་དང་། ཐ་ཧྲི་ཀན་ནས་ཙུང་ཐུང་སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་དང་མཇལ་འཕྲད་གནང་བར་མ་ཟད། ནཱ་ཨར་པ་ཡེ་ཝ་དང་དབྱི་སི་མོ་དབྱི་ལུའོ་ཧྥུའུ་གཉིས་དང་གྲོས་མོལ་གནང་།

ཟླ7པའི་ཚེས6ཉིན་ནས་ཚེས9ཉིན་བར། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཚོགས་ཀྱི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ནཱ་ཨར་པ་ཡེ་ཝ་དང་ཁྲིམས་འཛུགས་ཁང་གི་གྲོས་དཔོན་དབྱི་སི་མོ་དབྱི་ལུའོ་ཧྥུའུ་ཡིས་གདན་དྲངས་པ་ལྟར། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།
           ཀྲའོ་ལེ་ཅི་ཡིས་སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་། ཀྲའོ་ལེ་ཅི་ཡིས་གསུང་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་རྨང་གཞིའི་སྟེང་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་ཟིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད། བདེ་འཇགས་འགོག་ར་བརྟན་པོར་འཛུགས་པ། རྒྱལ་སྤྱི་དང་ས་ཁུལ་བར་གྱི་མཉམ་ལས་ཇེ་དམ་དུ་གཏོང་བ། ཁྲིམས་འཛུགས་ལས་ཁུངས་བར་བརྗེ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
           སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་ཡིས་ཀྲའོ་ལེ་ཅི་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་རོགས་ཞུས། ཁོས་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འདོན་ཡི་གེ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འདོན་ཡི་གེ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འདོན་ཡི་གེ་བཅས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། ས་གནས།སློབ་གསོ། ནུས་ཁུངས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོའི་འཕེལ་རྒྱས་དང་དབུལ་པོ་ཇེ་ཉུང་དུ་གཏོང་བའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ།“ཕྱོགས་གསུམ་སྟོབས་ཤུགས”ལ་མཉམ་དུ་རྡུང་རྡེག་བཏང་སྟེ། ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད།
           ནཱ་ཨར་པ་ཡེ་ཝ་དང་དབྱི་སི་མོ་དབྱི་ལོ་ཧྥུའུ་གཉིས་དང་སོ་སོར་གྲོས་མོལ་བྱེད་སྐབས། ཀྲའོ་ལེ་ཅི་ཡིས་གསུང་རྒྱུར། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་། རང་སོ་སོའི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་ཚུན་རོགས་རམ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་རྒྱ་སྐྱེད་གཏོང་བའི་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་གྲོས་ཞུགས་ཁང་དང་ཁྲིམས་འཛུགས་ཁང་གཉིས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པར་དམིགས་ཏེ། ཁྲིམས་འཛུགས་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
           ནཱ་ཨར་པ་ཡེ་ཝ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞི་ཡིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་ཟིན་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད། ཝུའུ་ཙི་པེ་ཁི་སི་ཐན་གྲོས་ཞུགས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་བརྗེ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ་ཁྲིམས་འཛུགས་པ་དང་ལྟ་སྐུལ་སོགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད། དབྱི་སི་མོ་དབྱི་ལུའོ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ། ཝུའུ་ཙི་པེ་ཁི་སི་ཐན་ཁྲིམས་འཛུགས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།
           ཀྲའོ་ལེ་ཅི་ཡིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ལ་གོ་ལ་ཧྲིལ་བོའི་དཔལ་ཡོན་གྱི་གྲོས་འདོན་ཡི་གེ་དང་ཀྲུང་གོའི་ཚན་རྩལ་གསར་གཏོད། ཕྱི་འབྲེལ་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།
           ཝུའུ་ཙི་པེ་ཁི་སི་ཐན་དུ་འཚམས་འདྲི་བྱེད་པའི་སྐབས་སུ། ཀྲའོ་ལེ་ཅི་ཡིས་ས་མ་ཨར་ཧན་དུ་མངའ་སྡེ་དེའི་མགོ་བ་ཐུའུ་ཨར་ཅི་མོ་ཧྥུའུ་དང་ཐུག་འཕྲད་གནང་། ཁོས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་ས་གནས་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་ཀྱི་འདོད་བློའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། ཐཱ་ཧྲི་ཀན་གཞུང་བཙུགས་ཤར་ཕྱོགས་སློབ་ཆེན་ནས་ཁུང་ཙི་སློབ་གླིང་བཙུགས་ནས་ལོ20འཁོར་བའི་བརྗོད་དོན་བགྲོ་གླེང་ཚོགས་འདུའི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ་ཞིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐད་ཡིག་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་དང་། ཀྲུང་གོ་ཕྱོགས་འཛུགས་སྐྲུན་གྱི་ནང་ཞུགས་པའི་ཨོ་ལིན་ཕིག་མཁར་གྱི་ལས་གཞི་ལ་རྟོག་ཞིབ་གནང་སྐབས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་ལེགས་པོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་འདོགས་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དང་། ད་དུང་ཝུའུ་ཙི་པེ་ཁི་སི་ཐན་རང་བཙན་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།