ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཟླ7པའི་ཚེས19ཉིན། སྲོང་བཙན་སྒམ་པོའི་ཕ་ཡུལ་ནས་ལྷན་འཛོམས་བྱུང་།

སྤེལ་དུས 2024-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསྟན་ཆོས།

            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་16ཉིན་གྱི་སྔ་དྲོ། 2024ལོའི་མལ་གྲོ་གུང་དཀར་སྲོང་བཙན་རིག་གནས་ཡུལ་སྐོར་གཟའ་འཁོར་དང་པད་ཁའི་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་གསར་འགྱུར་འགྲེམས་སྤེལ་ཚོགས་འདུ་མལ་གྲོ་གུང་དཀར་རྫོང་དུ་སྤེལ།


ཚོགས་འདུའི་ཡུལ་དངོས།

            ད་རེས་ཀྱི་མལ་གྲོ་གུང་དཀར་སྲོང་བཙན་རིག་གནས་ཡུལ་སྐོར་གཟའ་འཁོར་དང་པད་ཁའི་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འགྲེམས་སྤེལ་བྱས་པའི་རྫོང་གི་གླུ་གཞས་ཏེ། གནམ་མཐའི་མལ་གྲོཞེས་པས་གནམ་མཐའི་མལ་གྲོ་ཡུལ་ལ་སྐོར་བ་བྱེད། །   གྲོང་གསེབ་དར་རྒྱས་བརྩེ་བ་མཉམ་དུ་སྤྱོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། གཟུགས་བརྙན་གཉིས་ཀྱི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཁྲིད་སྟོན་འོག་ཏུ་མལ་གྲོ་གུང་དཀར་རྫོང་གིས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དམ་པོར་དམ་འཛིན་བྱས་ནས། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དམ་འཛིན་ལེགས་པོ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་བཟང་པོ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱས་པ་ཡོངས་སུ་མངོན་ཡོད་ལ། ཇུས་འགོད་བྱས་པའི་རིག་གནས་ཡུལ་སྐོར་གྱི་logoགསར་ཤོས་དེ་སྲོང་བཙན་གྱི་ཕ་ཡུལ་ཡིན་པའི་ངོས་ནས། སྲོང་བཙན་སྒམ་པོའི་གཟུགས་བརྙན་གཞི་རྒྱུ་གཙོ་བོར་བྱས་པ་དང་། ཞྭ་མོ་དེ་མལ་གྲོ་ཞེས་པའི་རྒྱ་ཡིག“MZ”ཞེས་པ་ཇུས་འགོད་བྱས་པ་དང་དུས་མཚུངས་སྲོང་མཙན་སྒམ་པོའི་གཏམ་རྒྱུད་ཐོག་ནས་མལ་གྲོའི་རིག་གནས་ཡུལ་སྐོར་གྱི་རང་རྟོན་དང་བློ་བརྟན་འགྱུར་མེད་མཚོན་པར་བྱས་ཡོད་ལ།   དེ་དང་ཆབས་ཅིག་སྲོང་བཙན་སྒམ་པོའི་གཏམ་རྒྱུད་ཐོག་ནས་མལ་གྲོའི་རིག་གནས་ཡུལ་སྐོར་གྱི་ཡིད་ཆེས་དང་བློ་བརྟན་འགྱུར་མེད་ཀྱང་མཚོན་པར་བྱས་ཡོད།  logoགསར་བ་དེས་མལ་གྲོའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་མཚོན་པས། མཚོན་བྱེད་རང་བཞིན་དང་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ། 


མལ་གྲོའི་རིག་གནས་ཡུལ་སྐོར་གྱིlogo

            ཤེས་རྟོགས་བྱས་པར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གིས་ཟླ་7པའི་ཚེས་19ནས་ཟླ་7པའི་ཚེས་23ཉིན་བར་ ཀ་ཚལ་ཁུལ་གསར་གྱི་བདེ་སྐྱིད་གླིང་དང་གྲོང་གསེབ་སྐྱེ་ཁམས་སྤྲོ་གསེང་ཁང་། པད་ཁའི་མེ་ཏོག་རྒྱ་མཚོ་བཅས་ས་ཆ་གསུམ་དུ2024ལོའི་མལ་གྲོ་གུང་དཀར་སྲོང་བཙན་རིག་གནས་ཡུལ་སྐོར་གཟའ་འཁོར་དང་པད་ཁའི་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོག་རྒྱུ་ཡིན་པ་རེད། འགོ་ཚུགས་མཛད་སྒོར་འབུད་དཀྲོལ་རོལ་དབྱངས་འཁྲབ་སྟོན་དང་སྐུ་མགྲོན་གྱིས་གཞས་གཏོང་བ། ལྡེ་མིག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ། རྫོང་གླུ་དང་རིག་གནས་ཡུལ་སྐོར་གྱི་logoགསར་པ་ཁྱབ་བསྒྲགས། ར་བའི་གློག་བཞུ་འདུ་ཚོགས་སོགས་ཀྱི་བྱེད་སྒོ་ཞོར་ལ་སྤེལ་རྒྱུ་ཡིན་པ་དང་།  དེའི་ནང་དུ་ཡུལ་སྐོར་གློག་བཞུ་འདུ་ཚོགས་ནིལྷ་ས་-ཆིན་ཧོའེ་སྒྲོན་ཚོགསཀྱི་བྱེད་སྒོ་མུ་མཐུད་ནས་སྤེལ་བ་ཡིན་ལ། མལ་གྲོ་གུང་དཀར་བདེ་སྐྱིད་གླིང་ཚོགས་ར་དང་འདི་ལོའི་མལ་གྲོ་གུང་དཀར་སྲོང་བཙན་རིག་གནས་ཡུལ་སྐོར་གཟའ་འཁོར་དང་པད་ཁའི་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུའི་ཐོག་དུས་མཚུངས་སྤེལ་རྒྱུ་ཡིན་པས།   ས་ཁུལ་གཉིས་ཀྱི་རིག་གནས་སྤེལ་རེས་དང་འགྲོ་འོང་གི་རྣམ་པ་གསར་གཏོད་བྱས་ནས། མལ་གྲོའི་མང་ཚོགས་ཀྱིས་ཅང་སུའུ་ཡི་སྲོལ་རྒྱུན་རིག་གནས་མྱོང་ཚོར་ཐུབ་པ་དང་རིག་གནས་སྤེལ་རེས་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད། 


ལས་བཟོ་བའི་དྲན་རྟེན་འདྲ་པར།

            གཞན་ཡང་དུས་ཆེན་གྱི་རིང་ལགད་དུང་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་འགྲེམས་འཚོང་དང་། ནན་ཅིང་གི་ཚོང་པའི་ཆེད་མངགས་འོས་སྦྱོར་བྱེད་པ། ཇ་མའི་སྒྱུ་རྩལ་དང་ཞིམ་ཟས་འགྲན་བསྡུར། མི་ལྔའི་ལུགས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར། གློག་རྡུལ་རོལ་དབྱངས་དུས་ཆེན། མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར། སྐོར་བྲོའི་ཚོགས་ཆེན།  གློག་འོད་མཚན་རྒྱུག ལྷ་མོའི་བསྡུས་འཁྲབ་སོགས་ཀྱི་བྱེད་སྒོ་སྤེལ་ནས།   པད་ཁའི་མེ་ཏོག་ལ་གཟིགས་མོ་དང་མལ་གྲོའི་ཁྱད་ལྡན་ཞིམ་ཟས་ལ་རོལ་བཞིན། མལ་གྲོའི་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་ལ་རོལ་མྱོང་བྱས་ཏེ། མལ་གྲོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བདེན་དཔང་བྱ་རྒྱུ་རེད།


རྩོམ་སྒྲིག་པ། རིག་གྲོལ།