ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐའ་མཚམས་ཀྱི་འཐབ་ས་མདུན་མར་སྐོར་གཡེང་བྱས་ནས་ལང་ཚོའི་འགན་སེམས་མངོན་པ།

སྤེལ་དུས 2024-10-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ལྷུན་རྩེ་རྫོང་ཆོས་ཟམ་གྲོང་ཚོའི་ཏང་ཀྲི་པུའུ་དང་ཆོས་ཟམ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་རྩ་རི་དང་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་དང་མཉམ་དུ་སྐོར་གཡེང་བྱེད་བཞིན་པ།
འདི་ནི་སྐོར་གཡེང་རུ་ཁག་གི་ཁོངས་མིས་སྐོར་གཡེང་བྱེད་བཞིན་པ།
འདི་ནི་མཉམ་འབྲེལ་སྐོར་གཡེང་རུ་ཁག་གི་ཁོངས་མིས“ལྕུམ་དཀར་ལྟར་གྱི་ན་གཞོན”བརྩོན་ལེན་བྱེད་པར་སྤེལ་རེས་ཟབ་མོ་བྱེད་བཞིན་པ།
       ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཆོས་ཟམ་གྲོང་ཚོའི་ཏང་ཀྲི་པུའུ་དང་ཆོས་ཟམ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་རྩ་རི་དང་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་དང་མཉམ་དུ“ལྕུམ་དཀར་ལྟར་གྱི་ན་གཞོན་བརྩོན་ལེན་བྱས་ནས་འགན་འཁྲི་དང་འགན་སེམས་མངོན་པར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
       མཐའ་མཚམས་སུ་སྐོར་གཡེང་བྱེད་རིང་ཚང་མས“ལྕུམ་དཀར་ལྟར་གྱི་ན་གཞོན”བརྩོན་ལེན་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱངས་ཏེ་མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།