ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀུའེ་ཀྲོའུ་ཅན་ལི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ལས་མཇུག་འགྲིལ་ཉེར་ཡོད་པ།

སྤེལ་དུས 2024-10-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        མིག་སྔར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀུང་སི་ཁུ་ནུ་ཚོགས་པ་སོགས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཀུའེ་ཀྲོའུ་ཅན་ཧོ་ནས་ལི་ཕིང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ཁག་ལས་མཇུག་འགྲིལ་ཉེར་ཡོད་པ་དང་སྔོན་དཔག་བྱས་ན་ལོ་འདིའི་ནང་རླངས་འཁོར་ཤར་གཏོང་ཐུབ་ནས་ཚོད་ལྟའི་གཉེར་སྐྱོང་ཐུབ་རྒྱུ་རེད། ཅན་ལི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ་74.754ཡོད་པ་དང་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཅན་ཧོ་རྫོང་དང་ལི་ཕིང་རྫོང་དབར་གྱི་རླངས་འཁོར་གྱི་ལམ་ཐག་ཆུ་ཚོད་གཅིག་ཙམ་ཐུང་དུ་འགྲོ་རྒྱུ་ཡིན་པ་དེ་ཀུའེ་ཀྲོའུ་ཤར་ལྷོར་ཡུལ་སྐོར་བགྲོད་ལམ་ཡག་ཤོས་བསྐྲུན་པ་དང་། ལམ་རྒྱུད་ཀྱི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་མགྱོགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་ཀུའེ་ཀྲོའུ་ཅན་ལི་མྱུར་བགྲོད་གཞུང་ལམ་གྱི་ཆིང་ཧྲུའེ་གཙང་པོའི་ཟམ་ཆེན་ཡིན་པ།