ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྐབས12པའི་གྲངས་ཉུང་མི་རིཊ་སྲོལ་རྒྱུན་ལུས་རྩལ་འགྲན་ཚོཊ་འགོ་ཚུགས།

སྤེལ་དུས 2024-11-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧའེ་ནན་སན་ཡ་རུ་གཟབ་རྒྱས་ངང་འགོ་ཚུགས།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
       སན་ཡ་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་མི་རིགས56མཉམ་དུ་འཛོམས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་གཏོད་པའི་སྙན་འཇེབས་ལྡན་པའི་རོལ་དབྱངས་ཐུན་མོང་ཐོག་དཀྲོལ་བ་རེད། ཆུ་ཚོད20ཡི་ཐོག་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། འཐུས་མི་ཚོགས་པ་ཁག་དང་ཡུལ་དངོས་ཀྱི་གཟིགས་མོ་བ་ཁྲི3.5ལྷག་གིས་རྒྱལ་དར་གཟབ་སྦྲེང་རུ་ཁག་ཕེབས་བསུ་ཞུས་པ་དང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་སྔ་རྗེས་སུ་འགྲན་རར་བསུས་བ་དང་། དེ་རྗེས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཞང་ཀང་། ཨའོ་མོན་བཅས་ཀྱི་འཐུས་མི་ཚོགས་པ། ཐའེ་དབན་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོགས་པ་བཅས་ཚོགས་རར་ཕེབས་པ་རེད། འཐུས་མི་ཚོགས་པ་སོ་སོས་ཕེབས་ཞོར་དུ་སྐར་ཆ30རེར་འཁྲབ་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་མི་རིགས་ཁག་གི་བུ་ཕྲུག་ཚོ་ལག་གདང་སྦྲེལ་ནས་དཔའ་ངར་ཆེ་བའི་མདུན་སྐྱོད་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་འགོ་ཚུགས་མཛད་སྒོར་ཞུགས་བཞིན་པ།
ཐའེ་དབན་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོགས་པ་འགོ་ཚུགས་མཛད་སྒོར་ཞུགས་བཞིན་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་འགོ་ཚུགས་མཛད་སྒོར་སྟོན་བཞིན་པ།
འགོ་འཛུགས་མཛད་སྒོར་དཔལ་འབར་སྤོར་བཞིན་པ།
       སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན9ཡིན་པ་དང་། མི་རིགས་ཁག་གི་ལུས་རྩལ་པ6960འགྲན་བསྡུར་རྣམ་གྲངས18དང་འཁྲབ་སྟོན་རྣམ་གྲངས170ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད། ལུས་རྩལ་འགྲན་ཚོགས་རིང་ད་དུང་མི་རིགས་ཀྱི་མཉམ་སྤྲོའི་ཚོགས་ཆེན་སོགས་རིག་གནས་བྱེད་སྒོ་སྤེལ་རྒྱུ་རེད།