ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལུས་རྩལ་འགྲན་ཚོཊ་འདིའི་བྱ་དགའ་སྤྲོད་པའི་དགོང་ཚོགས་འཚོགས་པ།

སྤེལ་དུས 2024-12-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན་གྱི་དགོང་མོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས(གཤམ་དུ“ལུས་རྩལ་འགྲན་ཚོགས”ཞེས་བསྡུ་རྒྱུ)འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་ཧའེ་ནན་སན་ཡ་རུ་འཚོགས་ཤིང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་འཁྲབ་སྟོན་རྣམ་གྲངས་ཁྱོན170ཡོད་པ་དང་། བྱ་དགའ་ཨང་དང་པོ54ལས་བོད་ལྗོངས་རུ་ཁག་ལ་བྱ་དགའ་ཨང་དང་པོ3ཐོབ་ཡོད། 
བྱ་དགའ་སྤྲོད་པའི་དགོང་ཚོགས་འཚོག་ཡུལ།
       སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཤིན་ཅང་ཀྲའོ་སུའུ་ཡན་ལག་འགྲན་ར་དང་ཧའེ་ནན་སན་ཡའི་འགྲན་ར་གཙོ་བོར་སོ་སོར་གཉེར་ཡོད་ཅིང་། དེའི་ནང་ཕྱོགས་བསྡུས་རིགས56ཡོད་པའི་ནང་བྱ་དགའ་ཨང་དང་པོ17ཐོན་པ་དང་། འཁྲབ་རྩལ་རིགས50ཡོད་པའི་ནང་བྱ་དགའ་ཨང་དང་པོ17ཐོན་པ། རྩལ་འགྲན་རིགས64ཡོད་པའི་ནང་བྱ་དགའ་ཨང་དང་པོ20ཐོན་ཡོད། 
བྱ་དགའ་སྤྲོད་པའི་དགོང་ཚོགས་འཚོག་ཡུལ།
       ཕྱོགས་བསྡུས་རིགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱིས་སྣ་མང་རང་བཞིན་དང་། གར་སྟབས་མཛེས་ཉམས། མཐུན་སྦྱོར་བྱང་ཆུབ་པ། རྣམ་གྲངས་རིགས་མང་བ་བཅས་ལ་སྣང་ཆེན་བྱེད་ཀྱི་ཡོད་ལ། རྣམ་གྲངས་ཀྱང་སྣ་མང་ཕུན་སུམ་ཚོགས་པོ་ཡོད། བོད་ལྗོངས་རུ་ཁག་གི་ཕྱོགས་བསྡུས་རིགས་ཀྱི་རྟ་རྩལ་འཁྲབ་སྟོནལ་སྐར་མ18.37གྱིས་རིགས་དེའི་ཨང་དང་པོ་ཐོབ་པ་དང་། སྐབས་མང་པོ་བསྟུད་མར་བྱ་དགའ་ཨང་དང་པོ་ཐོབ་མྱོང་བའི་ཤིན་ཅང་རུ་ཁག་གི《ཏ་ཝ་ཙེ》ཞེས་པར་སྐར་མ18.32ཀྱིས་རིགས་དེའི་ཨང་གཉིས་པ་ཐོབ་པ། ཧའེ་ནན་རུ་ཁག་གི《སྨྱུག་མ་སྐྱེས་པའི་སྒྲ》ཞེས་པར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དབྱུག་བྲོ་འདི་ཉིད་འཁྲབ་སྟོན་དང་ལུས་སྦྱོང་གཞི་གཅིག་ཏུ་འདུས་པའི་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་པ་དེས་སྐར་མ18.21གིས་ཕྱོགས་བསྡུས་རིགས་ཀྱི་ཨང་གསུམ་པ་ཐོབ་ཡོད། 
པེ་ཅིང་རུ་ཁག་གིས《ཆའོ་ཧྭ་ཏན》ཞེས་པ་འཁྲབ་བཞིན་པ།
       འཁྲབ་རྩལ་རིགས་ཀྱི་འཁྲབ་སྟོན་རྣམ་གྲངས་མང་ཆེ་བ་ནི་དཀའ་ཚད་ཆེ་བ་དང་། ཉེན་ཁ་ཆེ་བ། རྙོག་འཛིང་ཆེ་བ་བཅས་སྲོལ་རྒྱུན་གྱི་སྒྱུ་རྩལ་ཞིག་ཡིན་པས་ལྟད་མོ་ཧ་ཅང་ཆེན་པོ་ཡོད། ནང་སོག་རུ་ཁག་གི《རྟ་རྩལ》ཞེས་པར་སྐར་མ19.03གྱིས་འཁྲབ་རྩལ་རིགས་ཀྱི་ཨང་དང་པོ་ཐོབ་པ་དང་། དེ་ཡང་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས170ཡི་ཁྲོད་ཀྱི་སྐར་གྲངས་མཐོ་ཤོས་དེ་རེད། པེ་ཅིང་རུ་ཁག་གི《ཆའོ་ཧྭ་ཏན་མཉམ་སྡེབ་སྐུད་འདྲིལ་རྩེད་འཁོར》ཞེས་པར་སྐར་མ18.91གྱིས་ཨང་གཉིས་པ་ཐོབ་པ། བོད་ལྗོངས་རུ་ཁག་གི་འཁྲབ་རྩལ་རིགས་ཀྱི་རྟ་རྩལ་འཁྲབ་སྟོན《རྟ་ཐོག་འཁྲབ་རྩལ》ཞེས་པར་སྐར་མ18.56གིས་ཨང་གསུམ་པ་ཐོབ་ཡོད། 
འཁྲབ་སྟོན་རྣམ་གྲངས《བི་ཤུ》ཞེས་པ།
       རྩལ་འགྲན་རིགས་ཀྱི་འཁྲབ་སྟོན་རྣམ་གྲངས་ནང་འགྲན་བསྡུར་གྱི་བརྒྱུད་རིམ་དང་། སྒྲིག་སྲོལ། རྣམ་པ་བཅས་མངོན་རྒྱུ་གཙོ་བོར་བྱེད་པ་དང་། ལུས་རྩལ་རང་བཞིན་དང་། མི་རིགས་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་ཀྱི་གཞི་རྒྱུ་གཅིག་གྱུར་ནུས་ལྡན་ཡོང་བར་བྱེད་ཅིང་། ཤིན་ཅང་རུ་ཁག་གི《ལུག་རོ་འཕྲོག་འགྲན》དང《རྟ་ཐོག་ཤུགས་འགྲན》ལ་སྐར་མ19དང18.35ཡིས་རིགས་དེའི་ཨང་དང་པོ་དང་གཉིས་པ་ཐོབ་ཡོད་ལ། ཨང་གསུམ་པ་ནི་ཀུའེ་ཀྲོའུ་རུ་ཁག་གི《རྒྱུག་ཤན་པ》ཞེས་པ་དེ་ཡིན་པ་དང་། དེར་སྐར་མ18.28ཐོབ་ཡོད། བོད་ལྗོངས་རུ་ཁག་གི《བི་ཤུ》ཞེས་པར་སྐར་མ17.86གིས་རིགས་དེའི་ཨང11ཐོབ་ཡོད། 
       སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྩལ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཁྲོད་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་མཚོན་ཚུལ་མངོན་གསལ་དོད་ཅིང་། འཁྲབ་སྟོན་རྣམ་གྲངས་ཁྲོད་རྟ་རྩལ་དང་འབྲེལ་བ་ཡོད་པའི་བྱ་དགའ་ཨང་དང་པོ2ཐོབ་པ་མ་ཟད། འདི་ལོའི་ཟླ7པར་ཤིན་ཅང་དབྱི་ལི་ཧ་སག་རང་སྐྱོང་ཁུལ་ཀྲའོ་སུའུ་རྫོང་དུ་གཉེར་བའི་ལུས་རྩལ་འགྲན་ཚོགས་ཀྱི་མི་རིགས་རྟ་རྩལ་འགྲན་བསྡུར་ཁྲོད་ད་དུང་བྱ་དགའ་ཨང་དང་པོ5ཐོབ་པ་དེ་ནི་མི་རིགས་རྟ་རྩལ་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག12ཀྱི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མང་ཤོས་རེད།