ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གངས་ལྗོངས་ས་མཐོའི་དགུན་ལྗོངས་ཀྱིས། ཕྱོགས་བཞིའི་མགྲོན་པོ་དགའ་བས་བསུ།

སྤེལ་དུས 2024-12-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཟླ་12ཚེས་14ཉིན་པར་བླངས་པའི་ཇོ་མོ་གླང་མ་ཡིན་པ།
ཟླ་12ཚེས་13ཉིན་སྨན་གླིང་གྲོང་ཁྱེར་ཟུར་གསུམ་གྲོང་ཚོའི་ལྗོངས་གཟིགས་སྒང་དུ་ཡུལ་སྐོར་བས་གནམ་ལྕགས་འབར་བ་དང་ལྷན་དུ་པར་རྒྱག་བཞིན་པ།
ཉེ་ཆར་ཡར་འབྲོག་གཡུ་མཚོའི་འགྲམ་དུ་ཡུལ་སྐོར་བས་གཡག་ལ་བཞོན་ནས་པར་རྒྱག་བཞིན་པ།
དགུན་དུས་ཀྱི་གསེར་གླིང་མཚོ་ཡིན་པ།
       ཉིན་ཤས་བསྟུད་མར། ལྗོངས་ཡོངས་སུ“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”རེས་སྐོར་བདུན་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཅིང་། མཛེས་ལྗོངས་ཁུལ་ལ་སྤ་སེ་མི་དགོས་པ་དང་། མགྲོན་ཁང་གི་སྡོད་གླ་གཅོག་པ། གནམ་གྲུའི་སྤ་སེ་བྲིན་སྐུལ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་ཡུལ་སྐོར་བ་འགུག་པའི“སྣ་འདུས་ཐབས་བཟང”བཏོན་པ་དང་། བོད་ལྗོངས་འདི་ཉིད་ཡུལ་སྐོར་བའི་དགུན་དུས་ཡུལ་སྐོར་གྱི་དམིགས་ས་ཞིག་ཏུ་གྱུར་ཡོད།