ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་གློག་ཁང་བོད་དུ་དྲ་སྦྲེལ་གློག་འདོན་ཐུབ་པ།

སྤེལ་དུས 2024-12-19 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
 
 འདི་ནི་བོད་ལྗོངས་ཚེ་སྤོང་འོད་ཤུགས་ནུས་གསོག་གི་དུས་ཐེངས་གཉིས་པའི་འོད་ཤུགས་རྣམ་གྲངས་ཀྱི་གློག་ཤུགས་འཕར་ཚུགས་ཀྱི་ཕྱིའི་རྣམ་པ་ཡིན་པ།
  འདི་ནི་ཚེ་སྤོང་འོད་ཤུགས་རྣམ་གྲངས་ཀྱི་སྤུས་ཚད་མཐོ་བའི་གསར་སྤེལ་མཁན་ཏང་ཡོན་གདོང་ལེན་རུ་ཁག་ཡིན་པ།
  འདི་ནི་ཚེ་སྤོང་འོད་ཤུགས་ནུས་གསོག་གི་དུས་ཐེངས་གཉིས་པའི་འོད་ཤུགས་རྣམ་གྲངས་སྤེལ་ཡུལ་ཡིན་པ།
  འདི་ནི་ཧྭ་གློག་ཚེ་སྤོང་འོད་ཤུགས་ནུས་གསོག་གི་དུས་ཐེངས་གཉིས་པའི་100MWཡི་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱི་འོད་ཤུགས་ཁུལ་གྱི་ཕྱིའི་རྣམ་པ་ཡིན་པ།
  འདི་ནི་ཧྭ་གློག་ལྷོ་ཁ་སྣེ་གདོང་ཚེ་སྤོང་འོད་ཤུགས་ནུས་གསོག་གི་དུས་ཐེངས་གཉིས་པའི་100MWཡི་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱི་འོད་ཤུགས་ཁུལ་ཧྲིལ་པོའི་རྣམ་པ་ཡིན་པ།
  འདི་ནི་བོད་ལྗོངས་ཧྭ་གློག་ལྷོ་ཁ་སྣེ་གདོང་ཚེ་སྤོང་དུས་ཐེངས་གཉིས་པའི་100MWཡི་འོད་ཤུགས་གློག་གཏོང་རྣམ་གྲངས་དྲ་སྦྲེལ་གློག་འདོན་ཐུབ་ཚུལ་ཡིན་པ།
        ཟླ་12ཚེས་14ཉིན་གྱི་མཚན་དགུང་དུ་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་གློག་ཁང་སྟེ། ཧྭ་གློག་ཚོགས་པ་བོད་ལྗོངས་ཚེ་སྤོང་འོད་ཤུགས་ནུས་གསོག་གི་དུས་ཐེངས་གཉིས་པའི་རྣམ་གྲངས་བདེ་ལེགས་ངང་དྲ་སྦྲེལ་གློག་འདོན་ཐུབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཚེ་སྤོང་འོད་ཤུགས་ནུས་གསོག་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ཡོད་ལ་དེ་གའི་ས་བབ་མཐོ་ཚད་ལ་སྨི་5046ནས་སྨི་5228བར་ཡོད་པར་སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི་10ཟིན་པ་དང་། སྔོན་དཔག་བྱས་ན་གློག་གཏོང་འགོ་ཚུགས་རྗེས་ལོ་རེར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་1.55བཏང་ནས་དུད་ཚང་ཁྲི་5ཙམ་གྱི་ལོའི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན།