ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐའ་མཚམས་ལ་སྐོར་སྲུང་བྱེད་པ།

སྤེལ་དུས 2024-12-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       ཉིན་ཤས་བསྟུད་མར། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྲས་མཐའ་མཚམས་མངགས་གཏོང་ཁང་གིས། མཐའ་མཚམས་ཁོངས་གཏོགས་ཀྱི་ལས་སྒྲུབ་ས་ཚིགས་དང་མཛེས་ལྗོངས་ཁུལ་དུ་སྐོར་གཡེང་བྱས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་བྱས་པ་རེད། སྲས་མཐའ་མཚམས་མངགས་གཏོང་ཁང་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྲས་ཤང་དུ་གནས་ཤིང་། གཙོ་བོ་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་དང་དོ་དམ་བྱེད་པའི་ནང་མི་འབོར་དོ་དམ་དང་། བདེ་འཇགས་སྲུང་སྐྱོང་། གྱོད་གཞི་ཞིབ་བཤེར་ཐག་གཅོད། མཛེས་ལྗོངས་ཁུལ་དུ་རོགས་སྐྱོབ་སོགས་ཀྱི་ལས་དོན་ཚུད་པ་དང་། དེ་བཞིན་ཀྲུང་གོ་དང་འབྲུག་ཡུལ་དབར་གྱི་མཐའ་མཚམས་དོ་དམ་བྱེད་པའི་ནང་མཐའ་མཚམས་ལ་སྐོར་གཡེང་དང་། མཐའ་མཚམས་ལ་ཞིབ་བཤེར། ཁྲིམས་འགལ་ངང་རྒྱལ་མཚམས་འཛུལ་སྒྲོལ་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ལས་དོན་ཚུད་ཡོད། འདི་ནི་མི་དམངས་ཉེན་རྟོག་པས་སྐོར་གཡེང་རྒྱག་བཞིན་པ།