གསར་འགོད་པས་ཟླ་དང་པོའི་ཚེས8ཉིན་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོ་གཉེར་ཚད་དུང་ཕྱུར1745ཟིན་པ་དང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི1.4ཟིན་པ་དེ་དུས་མཚུངས་ལས21%དང13%སོ་སོར་མང་དུ་ཕྱིན་ཡོད།
འདས་ཟིན་པའི་ལོ་གཅིག་ནང་། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས“དངོས་ཟོག་འཁོར་རྒྱུག་བདེ་བླག་ཡོང་བའི”འདུན་ལྗོངས་བཟང་པོར་དམིགས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ནུས་པ་དེ་བས་ལེགས་པ་སྦྱིན་ཡོད། 2025ལོར་ལས་རིགས་སྔར་བཞིན་མུ་མཐུད་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། མྱུར་སྐྱེལ་ལས་སྒོ་གཉེར་ཚད་སྔོན་དཔག་བྱས་ན་དུང་ཕྱུར1900དང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི1.5ཟིན་རྒྱུ་རེད།
རྩོམ་སྒྲིག་པ། རིག་གྲོལ།