ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་དེ་མིག་སྔར་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཉིན་ཤས་ཀྱི་རིང་ལ། རིམ་པ་ཁག་དང་ས་གནས་ཁག་གི་སྨན་བཅོས་རོགས་སྐྱོབ་དཔུང་ཁག་མང་པོས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བཞིན་ཡོད། དེའི་ཁྲོད་དུ་སྨན་བཅོས་མི་སྣས་དང་བླངས་པའི་ཐོབ་ཐང་ལ་བརྟེན་ནས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ནས་མང་ཚོགས་ལ་སྨན་རྫས་སྐྱེལ།
འཕྲིན་ལས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།
ཟླ་དང་པོའི་ཚེས10ཉིན། གསར་འགོད་པ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བཀོད་སྒྲིག་བྱེད་ས་ཞིག་ཏུ་ས་མཐོའི་སྨན་པ་བཟང་པོ་ཞིག་དང་ཐུག་འཕྲད་བྱུང་།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ནས་ཡོང་བའི་འཕྲིན་ལས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།
འཕྲིན་ལས་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བོད་ཀྱི་གསོ་བ་རིག་པའི་སྨན་པ་ཞིག་ཡིན། ཁོང་གིས་ས་གནས་དེ་གར་ལོ་མང་རིང་སྨན་པ་བྱས་པ་ཤིང་དེ་གའི་ཡུལ་སྐད་དང་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད། ས་ཡོམ་བྱུང་རྗེས། ཁོང་གིས་ས་གནས་དེ་གའི་མང་ཚོགས་ལ་རྒྱུན་མཁོའི་སྨན་རྫས་ཁག་གཅིག་མགྱོགས་མྱུར་གྲབས་གསོག་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས་ཚང་མར་རིན་པ་སྤྲོད་མི་དགོས་པར་སྨན་དང་སྨན་རྫས་སྐྱེལ་བ་ཡིན།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བོད་ལུགས་གསོ་བ་རིག་སྨན་པ་འཕྲིན་ལས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།
འཕྲིན་ལས་ལྟ་བུའི་བྱམས་སྙིང་རྗེ་ཆེ་ཞིང་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་སྙིང་དབུས་སུ་བཅངས་ནས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་མཁན་ད་དུང་ཤིན་ཏུ་མང་པོ་ཡོད། ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་ཚིག་རེ་རེ་ནི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཁོང་ཚོར་ཕུལ་བའི་ཆེས་ལྷག་བསམ་ཟོལ་མེད་ཀྱི་བསྟོད་བསྔགས་རེ་རེ་ཡིན།
འཕྲིན་ལས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཆེད་དུ་སྨན་རྫས་ཁྱེར་ཡོང་བཞིན་པ།
འཕྲིན་ལས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རིན་པ་མི་དགོས་པའི་སྨན་རྫས་སྤྲོད་བཞིན་པ།
རྩོམ་སྒྲིག་པ། རིག་གྲོལ།