ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།

སྤེལ་དུས 2025-01-23 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ཟླ་1ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།
ཟླ་1ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།
  ཟླ་1ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ་རེད།
  རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕན་ཚུན་ལོ་གསར་གྱི་སྨོན་འདུན་ཞུས་ཤིང་། ཞི་ཅིན་ཕིང་གིས། ཉིན་ཤས་སོང་རྗེས་ཀྲུང་གོའི་དཔྱིད་གསར་དུས་ཆེན་རེད། ལོ་རྙིང་ཕར་ལ་བསྐྱལ་ཞིང་ལོ་གསར་ཚུར་ལ་བསུ་བའི་སྐབས་སུ་སྐུ་ཞབས་ཙུང་ཐུང་དང་བརྙན་ལམ་ནས་ཞལ་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལོ་གསར་པའི་ནང་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས་པ་རེད། ཕུའུ་ཅིང་གིས་ལོ་གསར་པ་ཤར་བའི་སྐབས་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་དང་བརྙན་ལམ་ནས་སྤེལ་རེས་བྱུང་བར་དགའ་སྤྲོ་དཔག་མེད་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས་པ་རེད།
  ཞི་ཅིན་ཕིང་གིས། 2024ལོར་ངེད་ཚོ་ཐུག་འཕྲད་ཐེངས་གསུམ་བྱུང་བ་དང་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད་ལ། ཡུན་རིང་གི་ཁྱིམ་མཚེས་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་གྱི་མཉམ་ལས་མཉམ་ཁེ་བཅས་ཀྱི་དགོངས་དོན་ལྟེ་བའི་དོན་སྙིང་དུ་བྱས་པའི་ཀྲུང་ཨུའི་འབྲེལ་བར་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་རྒྱས་ཡོད། ཀྲུང་ཨུའི་རིག་གནས་ལོར་ངོ་མཚར་ཆེན་པོ་བྱུང་བ་དང་། དངོས་སྒྲུབ་མཉམ་ལས་བརྟན་ཐོག་ཡར་རྒྱས་བྱུང་བ། ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་འཕར་སྣོན་གྱི་རྣམ་པ་རྒྱུན་འཁྱོངས་བྱུང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཉམ་ལས་དམ་ཟབ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ཆེད་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱས་ཡོད་ཅེས་བསྟན་གནང་བ་རེད།
  ཞི་ཅིན་ཕིང་གིས། ལོ་གསར་པར་ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ཀྲུང་ཨུའི་འབྲེལ་བ་མཐོ་འཛེགས་རྒྱང་ལྟ་ཐུབ་པར་མུ་མཐུད་སྣེ་ཁྲིད་བྱས་ཏེ། ཀྲུང་ཨུའི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་སྲ་བརྟན་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་བཅག་སྟེ། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཀྱང་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་པོའི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་པོའི་འབྲེལ་བ་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོའང་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་དེ་གོ་སྐབས་སུ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་། རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་བར་སྐུལ་འདེད། ཡོངས་ཁྱབ་ཏུ་ཁས་བླངས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་མཐའ་འཁྱོངས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བཅས་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཨུ་རུ་སུ་ཕྱོགས་དང་ཁོངས་མིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས། དེ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེ་བས་ཐེག་པ་ཁུར་ལེན་གྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། དེས་མ་ཚད་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་ད་དུང་ཐུན་མོང་ཐོག“འབོ་གསེར་ཆེན་པོའི་མཉམ་ལས”ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་རང་སྟོབས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
  ཕུའུ་ཅིང་གིས། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་འདྲ་མཉམ་ངང་ལྟ་སྟངས་འཛིན་པ་བཅས་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ། ད་བར་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་བྱུང་བ་ལས་ཤུགས་རྐྱེན་ཐེབས་མྱོང་མེད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུའི་མཉམ་ལས་ཐད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱུང་བ་དང་། ཕན་ཚུན་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་འགྲོ་བ། ཕྱོགས་གཉིས་པོས་ཕྱོགས་མང་གི་ཡུལ་དུས་སུ་མུ་མཐུད་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱེད་པ་བཅས་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། ཨུ་རུ་སུ་ཕྱོགས་ཀྱིས་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ལོ་80ཡི་གོང་དུ། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བཙན་འཛུལ་པར་འགོག་རྒོལ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་བསྲུངས་ཡོད། ད་ལོ་ང་ཚོས་ཐུན་མོང་ཐོག་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་འཛམ་གླིང་དམག་ཆེན་གཉིས་པའི་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་དགོས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།
  རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་ལོ་གསར་པའི་ནང་འཐབ་ཇུས་ཀྱི་འབྲེལ་གཏུག་མུ་མཐུད་རྒྱུན་འཁྱོངས་བྱེད་པར་མོས་མཐུན་གནང་བ་རེད།