ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྲིད་གྲོས་ཨུ་ཡོན་འཇམ་དབྱངས་ཀྱིས་འདི་ལྟར་གསུངས་འདུག

སྤེལ་དུས 2025-01-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས7ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བྱུང་རྗེས་སུ་མྱུར་དུ་ཕྱོགས་སོ་སོའི་སྟོབས་ཤུགས་བསྡུ་རུབ་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་ཡོད།  དེ་ཡང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏེ། བོད་ལྗོངས་སྤེན་ནག་ཚང་ཁྱིམ་རྒྱུད་ཀྱི་མི་རབས་བཅུ་པ་འཇམ་དབྱངས་ཀྱིས་གནས་ཚུལ་དེ་ཐོས་རྗེས་མྱུར་དུ་སྨན་རྫས་གྲ་སྒྲིག་དང་སྨན་ཁང་གི་སྨན་པ་རྩ་འཛུགས་བྱས་ཤིང་། ཟླ་དང་པོའི་ཚེས9ཉིན་སྨན་པ10ཁྲིད་དེ་གནོད་ཐེབས་ས་ཁུལ་ལ་བསྐྱོད་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ལ་ཞུགས། 
            “ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པས། རྒན་རྒོན་མང་པོ་ཞིག་ལ་རྒྱུན་སྤྱོད་བོད་སྨན་གྱི་དགོས་མཁོ་ཤིན་ཏུ་ཆེ་བས། ང་ཚོའི་མི10ཡིས་གནོད་ཐེབས་ས་ཁུལ་གྱི་གྲོང་ཚོ་ཕལ་ཆེ་བའི་བཀོད་སྒྲིག་བྱ་ཡུལ་དུ་སྐོར་ཞིབ་བརྟག་དཔྱད་བྱས་ནས།  ས་གནས་དེ་གའི་མང་ཚོགས་ལ་འོས་འགན་སྨན་བཅོས་དང་སྨན་རྫས་བསྐྱལ་བ་ཡིན། དེ་ནི་སྨན་པ་ཞིག་དང་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་བསྒྲུབ་དགོས་པའི་འགན་འཁྲི་ཡིན”ཞེས་འཇམ་དབྱངས་ཀྱིས་གསར་འགོད་པར་གསུངས་བྱུང་།

གཞིས་རྩེ་གྲོང་ཁྱེར་སྤེན་ནག་ཚང་སྨན་རྩིས་ཁང་གི་སྨན་པས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་སྐོར་སྐྱོད་བརྟག་དཔྱད་བྱེད་བཞིན་པ།

སྤེན་ནག་ཚང་སྨན་རྩིས་ཁང་གི་སྨན་པས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་སྨན་རྫས་སྤྲོད་བཞིན་པ།
            ས་ཡོམ་གྱི་གནོད་འཚེའི་མདུན་དུ། སྲིད་གྲོས་ཀྱིས་བརྩེ་བ་ཟམ་མོ་བཅངས་ཡོད་དེ། དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ལ་གཞན་ད་དུང་གཏིང་སྐྱེས་རྫོང་དང་། ས་སྐྱ་རྫོང་། ལྷ་རྩེ་རྫོང་བཅས་ཀྱི་ཞང་གྲོང་ཁག་ཅིག་ཀྱང་ཡོད་ལ། ང་ཚོས་གནོད་ཐེབས་ས་ཁུལ་གྱི་རོགས་སྐྱོབ་ལས་དོན་དང་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན། དངོས་ཟོག་ལ་ཞལ་འདེབས་རྒྱག་པའི་ཡུལ་དངོས་ནས་སྲིད་གྲོས་ཨུ་ཡོན་དག་གི་གྲིབ་གཟུགས་མཐོང་ཐུབ། ཁོང་ཚོ་གནོད་ཐེབས་ས་ཁུལ་དུ་བསྐྱོད་ནས་དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་ངལ་སེལ་བ་དང་། ཡོམ་འགོག་ས་ཁུལ་ནས་རང་འགན་གཙང་སྒྲུབ་བྱས་ཏེ་སྤྱོད་ལམ་དངོས་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མཚོན་པར་བྱས་ཡོད།  
            ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་སྤེན་ནག་ཚང་སྨན་རྩིས་ཁང་གི་སྨན་བཅོས་རོགས་སྐྱོབ་དཔུང་ཁག་གིས་གནོད་ཐེབས་ས་ཁུལ་ནས་མི3000ལྷག་ཙམ་ལ་སྐོར་ཞིབ་དང་བརྟག་དཔྱད་བྱས་པར་མ་ཟད། སྒོར་ཁྲི35ལྷག་གི་བོད་སྨན་དང་། ནུབ་སྨན། སྨན་སྤྱོད་ཁ་རས་སོགས་དངོས་རྫས་ཕུལ་ནས་ནུས་ཤུགས་ཡོད་རྒུས་གེགས་ཁུལ་ལ་རོགས་སྐྱོར་བྱས་ཡོད། 

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་འཇམ་དབྱངས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།
            ཟླ་དང་པོའི་ཚེས18ཉིན།  བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་དག་མཉམ་དུ་འཛོམས་ནས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་། ཐབས་འདོན་ཐུས་འབུལ་ཧུར་ཐག་བྱས་ཏེ།  “དོན་ཆེན་བཞི”དོན་འཁྱོལ་དང་།  “གསར་གཏོད་བཞིར”སྐུལ་འདེད་བཏང་སྟེ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་ཧུར་ཐག་གིས་བྲིས་ཡོད། འཇམ་དབྱངས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས་ཚར་རྗེས་སུ། ལྷ་ས་ཡོང་ནས་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པར་མ་ཟད། གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་མགྱོགས་མྱུར་ངང་སྤེལ་ཏེ།  དིང་རིའི་མང་ཚོགས་ཚང་མ་སྔ་ཙམ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ནང་འདུག་ཐུབ་པའི་གྲོས་འགོ་བཏོན་པ་རེད།  
            དེར་མ་ཟད།  འཇམ་དབྱངས་ཀྱིས་གཞན་ད་དུང་གྲོང་གསེབ་སྨན་པའི་གླ་ཕོགས་ཀྱི་གནད་དོན་དང་།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནད་དོན་སོགས་ཐག་གཅོད་བྱ་རྒྱུའི་སྐོར་ལའང་གྲོས་འགོ་བཏོན་འདུག