ཨ་མོང་སེན་མཚོ་ཐོག་གི་ཚན་རིག་རྟོག་ཞིབ་དང་ལོ་གསར་གྱི་རྣམ་པ།
སྤེལ་དུས 2025-01-27
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་རྟོག་ཞིབ་རུ་མི་པི་ལིང་ཧྥུང(གཡོན)དང་ཞུས་ཞའོ་ཝུའུ(གཡས)ཡིས་ཟ་ཁང་དུ་ལྒང་བཞུ་དམར་པོ་འགེལ་བཞིན་པ།
འདི་ནི་རྟོག་ཞིབ་རུ་མིས་གྲུ་གཟིངས་ཐོག་སྐྱེ་ཁམས་ཞིབ་བཤེར་ཚད་ལེན་ཡོ་བྱད་བསྡུ་བཞིན་པ།
ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས་41པ་སྒྲུབ་མཁན་གླིང་སྣེ་ཚན་རིག་རྟོག་ཞིབ་འཁྱགས་གཏོར་གྲུ་གཟིངས“གངས་འབྲུག་2པ”རྟགས་ཅན་གྱིས་མིག་སྔར་ཨ་མོང་སེན་རྒྱ་མཚོར་རྟོག་ཞིབ་བྱེད་བཞིན་ཡོད། གླིང་སྣེའི་མཚོ་ཆུ་དང་། མཚོ་གཏིང་གི་དངོས་རྫས། རླུང་གཟུགས། དེ་བཞིན་སྐྱེ་དངོས་ཀྱི་མ་དཔེ་བཅས་འཚོལ་བསྡུ་བྱས་ཏེ། གྲུ་གཟིངས་ཐོག་གི་ཚོད་ལྟ་ཁང་དུ་ཐོག་མའི་གཙང་བཟོ་དང་དབྱེ་ཞིབ་ཚད་ལེན་སོགས་རྟོག་ཞིབ་རུ་མི་ཚོས་གྲང་ངར་ལ་མ་འཛེམ་པར་མཚན་གང་ལས་སྒྲུབ་བྱེད་ཀྱི་ཡོད།
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བར་བརྟེན། རྟོག་ཞིབ་རུ་ཁག་གིས་གྲུ་གཟིངས་ཐོག་ལྒང་བཞུ་དམར་པོ་བཀལ་བ་དང་བཀྲ་ཤིས་པའི་ཡི་གེ་སྦྱར་ནས་དྲོ་སྐྱིད་ལྡན་པའི་ལོ་གསར་གྱི་རྣམ་པ་བཏོད་ཡོད།