ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཁྲུག་ཆ་དོད་པོས་དཔྱིད་གསར་དུས་ཆེན་བསུ།

སྤེལ་དུས 2025-01-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་1ཚེས་23ཉིན“ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་ཀྲུང་གོའི་ལོ་གསར་དགའ་གཏོང་བྱེད”ཅེས་པའི་བྱེད་སྒོ་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཡུའེ་ལུའུ་ཆུས་ལེན་ཧྭ་གྲོང་རྡལ་ནན་ཁོ་སྒོ་རའི་ནང་འཚོགས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་ལོ་གསར་གྱི་ཕག་པ་གསོད་པ་དང་། སྲན་ཞོ་བཟོ་བ། ཚི་པཱ་བཟོ་བ། དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་འབྲི་བ་སོགས་ཀྱི་བྱེད་སྒོ་རེས་མོས་ངང་སྤེལ་བ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་ཀོ་བརྙན་ཟློས་གར་དང་། ཤོག་དྲས་འདྲ་གཟུགས། ལོ་གསར་རི་མོ་སོགས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་བྱས་ཏེ། གྲོང་མི་དང་ཡུལ་སྐོར་བ་ཚོས་འཁྲུག་ཆ་དོད་པོས་དཔྱིད་གསར་དུས་ཆེན་དགའ་བས་བསུ་བཞིན་ཡོད།