འཐག་རྩལ་འཇོན་ཐང་ངོམས། བུད་མེད་ཉམས་བཟང་མངོན།
སྤེལ་དུས 2025-02-07
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
མིག་སྔ་ནི་ཞིང་དལ་དུས་ཚིགས་ཡིན་པས་བུད་མེད་མང་ཚོགས་ཀྱི་ཕྱུག་འགྱུར་འཇོན་ཐང་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྗོང་མི་སྤྱི་ཅུས་ཀྱིས་བཀྲ་ཤིས་སྒང་ཤང་བྱ་ར་མདོ་གྲོང་ཚོར་ཉིན་60ཡི་བུད་མེད་ཀྱི་འཐག་རྩལ་གསོ་སྦྱོང་སྒྲིག་འཛུགས་བྱས་པ་དང་། ད་ཐེངས་ཀྱི་གསོ་སྦྱོང་དེས་འཐག་རྩལ་སྦྱོང་མཁན་བུད་མེད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ནས་བུད་མེད་མང་ཚོགས་ལ་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་ལས་སྟེགས་ཤིག་བསྐྲུན་པ་དང་སྦྲགས། བུད་མེད་ཀྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བར་སྐུལ་སྤེལ་ནུས་པའང་ཐོན་ཡོད་ཅིང་། འདི་ནི་གསོ་སྦྱོང་ལ་ཞུགས་མཁན་བུད་མེད་མང་ཚོགས་ཀྱིས་རང་ཉིད་ཀྱིས་བསླས་པའི་ཐོན་རྫས་སྟོན་བཞིན་པ།