ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས།​

སྤེལ་དུས 2022-06-20 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ཟླ6པའི་ཚེས6ཉིན། གསར་འགོད་པས་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིབ་འཇུག་ཁང་འདི་སོགས་ལས་ཁུངས་ཀྱི་ཞིབ་འཇུག་མི་སྣས་སྨི30ཡི་དབྱེ་འབྱེད་ཚད་ཀྱི་སྲུང་སྐར་རྒྱང་ཚོར་གཞི་གྲངས་དང་ཡ་སྨི-སྨི་རིམ་པའི་གཟུགས་མཐོང་བསྒྱུར་འགྲེལ་མ་དཔེ་ཁྲི70ཡི་གཞི་གྲངས། ཕྱི་རོལ་ཡུལ་གྱི་ལྟ་ཞིབ་ཚད་འཇལ་གཞི་གྲངས་བཅས་རྨང་གཞི་བྱས་ཏེ་ཚད་གཞི་ཆེ་བའི་རྒྱང་ཚོར་རང་འགུལ་མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་བསྡུ་ལེན་གྱི་བྱེད་ཐབས་ཤིག་བཟོས་པར་མ་ཟད། ད་དུང་མུ་རྒྱུད་ཀྱི་རིང་ཚད་ལ་སྨི2400ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཁྱབ་ཚུལ་གྱི་རི་མོ་བདེ་བླག་ངང་བསྡུ་ལེན་བྱས་པ་རེད།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས། པར་རིས་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
          ལྗོན་ཤིང་ཁྱབ་ཚུལ་གྱི་མཚོ་འཕགས་ཆེས་མཐོ་བའི་དབྱེ་འབྱེད་ཚད་ཡིན་པའི་ཆ་ནས། མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ནི་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་གནམ་གཤིས་ཇེ་དྲོར་གྱུར་པའི་ཕྱོགས་སྟོན་འཕྲུལ་ཆས་སུ་འདོད་བཞིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་དུ་སའི་གོ་ལའི་ཐོག་གི་མཚོ་འཕགས་ཆེས་མཐོ་བའི་ལྗོད་ཤིང་མུ་ཁྱུད་ཐིག་རིས་ཡོད་ཅིང་། དེ་ནི་མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཁྱབ་ཚུལ་གྱི་གཞུང་ལུགས་ལག་ལེན་དུ་བསྟར་བ་དང་འཕེལ་རྒྱས་སུ་གཏོང་བའི་ས་ཆ་ལེགས་ཤོས་ཤིག་ཡིན། ཡིན་ནའང་། “མིག་སྔར། ང་ཚོས་སྔར་བཞིན་མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཀྱི་ཁྱབ་ཚུལ་དང་ཆགས་གྲུབ་རྐྱེན་སྲོལ་ལ་མ་ལག་ལྡན་པའི་ཤེས་རྟོགས་བྱུང་མེད”ཅེས་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཐའོ་ཡིས་བཤད།
          ཞིབ་འཇུག་ལས་གསལ་བ་ལྟར་ན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཀྱི་ཆ་སྙོམས་མཚོ་འཕགས་མཐོ་ཚད་ནི་སྨི3633ཡིན་པ་དང་། ཤར་རྒྱུད་ས་ཁུལ་གྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཀྱི་མཐོ་ཚད་ནི་ནུབ་རྒྱུད་ས་ཁུལ་ལས་སྨི800ཡས་མས་ཀྱིས་མཐོ། ཤར་རྒྱུད་ས་ཁུལ་གྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཀྱི་གནས་ཡུལ་ཁ་ཤས་ནི་འཚར་ལོངས་དུས་ཀྱི་ལོའི་ཆ་སྙོམས་དྲོད་ཚད6.4℃ཡིན་པའི་སའི་གོ་ལའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་སོགས་ཀྱི་དྲོད་ཚད་མུ་ཁྱུད་ཐིག་རིས་དང་ཆེ་ཕྱོགས་ནས་གཅིག་འདྲ་ཡིན་ནའང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཁྱབ་ཚུལ93%ལ་ཉེ་བ་ནི་སའི་གོ་ལའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་སོགས་ཀྱི་དྲོད་ཚད་མུ་ཁྱུད་ཐིག་རིས་ལས་དམའ་བ་རེད།

 ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཀྱི་མ་འོངས་འགྱུར་ལྡོག་རྣམ་པ། པར་རིས་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
          “ང་ཚོས་ཤེས་རྟོགས་བྱུང་བ་ལ། མིའི་རིགས་ཀྱི་འགུལ་སྐྱོད་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་རྒྱུད་ས་ཁུལ་གྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཁྱབ་ཚུལ་འདི་སའི་གོ་ལའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་སོགས་ཀྱི་དྲོད་ཚད་མུ་ཁྱུད་ཐིག་རིས་ལ་རིང་དུ་བྲལ་བའི་གནད་འགག་སྒུལ་ཤུགས་ཡིན་ནའང་། ཐན་པ་དང་མིའི་རིགས་ཀྱི་འགུལ་སྐྱོད་ནི་ནུབ་རྒྱུད་ས་ཁུལ་གྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་སའི་གོ་ལའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་སོགས་ཀྱི་དྲོད་ཚད་མུ་ཁྱུད་ཐིག་རིས་དང་རིང་དུ་བྲལ་བའི་རྒྱུ་རྐྱེན་གཙོ་བོ་ཡིན།” དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ་ཝང་ཞའོ་དབྱི་ཡིས་ཞིབ་འཇུག་འདིས་སའི་གོ་ལའི་གནམ་གཤིས་ཇེ་དྲོར་གྱུར་པའི་རྒྱབ་ལྗོངས་འོག་གི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ལ་གོམ་སྟབས་མི་འདྲ་བ་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་རྒྱུས་ལོན་ཡང་དག་བྱེད་པའི་ཆ་འཇོག་སའི་གཞུང་ལུགས་གསར་བ་འདོན་སྤྲོད་བྱས་ཏེ། མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཞིབ་འཇུག་ལ་ཞིབ་འཇུག་བསམ་ཕྱོགས་གསར་བ་སྦྱིན་པ་དང་། དེས་ལོ200ཡི་སྔོན་གྱི་འཇར་མན་རྒྱལ་ཁབ་ཀྱི་ཚན་རིག་པ་ཧུང་པའོ་ཡིས་གསར་གཏོད་བྱས་པའི་མཐོ་རིའི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཁྱབ་ཚུལ་ཞེས་པའི་གཞུང་ལུགས་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཅེས་བཤད།
          ཞིབ་འཇུག་མི་སྣས་རྨང་གཞི་འདི་ལ་གཞིགས་ཏེ་ཚོད་དཔག་བྱས་ན། དུས་རབས་འདིའི་མཇུག་ལ་ཐོན་དུས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་རྒྱུད་ས་ཁུལ་གྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ནི་ཕལ་ཆེར་སྨི140ཡིས་ཇེ་མཐོར་འགྲོ་བ་དང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ལྗོན་ཤིང་མུ་ཁྱུད་ཐིག་རིས་ཀྱི་འགྱུར་ལྡོག་ནི་ལྟོས་བཅས་སུ་ཅུང་ཆུང་ཞིང་། ཡར་འཕགས་ཚད་ལ་སྨི45དང་སྨི6ཙམ་མ་གཏོགས་མེད་པ་རེད། ཝང་ཐའོ་ཡིས་ཞིབ་འཇུག་འདིས་རང་རྒྱལ་གྱི་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རིང་བཞིན་སྲུང་སྐྱོབ་ལ་ཐད་ཀར་གྱི་ཚན་རིག་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་ཅེས་བསྟན་པ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།