ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཆང་འཐུངས་ནས་དོན་དག་བྱུང་རྗེས། ཆང་འཐུང་རོགས་ལ་བྱ་སྤྱོད་འདི་བཞི་ཡོད་ན། འགན་འཁུར་དགོས།

སྤེལ་དུས 2023-02-08 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          གྲོགས་པོ་མཉམ་འཛོམས་བྱེད་སྐབས། ཆང་འཐུང་བ་ནི་རྒྱུན་མཐོང་གི་གནས་ཚུལ་ཞིག་ཡིན། གལ་ཏེ། མཉམ་དུ་ཆང་འཐུངས་རྗེས། ཕྱིར་ཡུལ་ལ་འགྲོ་བའི་ལམ་བར་ནས་ཆང་འཐུང་རོགས་གང་ཞིག་ཤི་བ་ཡིན་ན། ཆང་འཐུང་རོགས་ཀྱིས་འགན་འཁུར་དགོས་སམ་ཞེ་ན།

          ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཐན་ཁྲེང་རྫོང་གི་སྐྱེས་པ་ཞིག་གིས་ཐེངས་གཉིས་ལ་གྲོགས་པོ་འགའ་དང་མཉམ་དུ་ཆང་འཐུངས་པ་མང་དྲགས་ནས་ཆང་བཅུད(乙醇)ཀྱི་དུག་ཕོག་སྟེ་ཤི་བ་དང་། ཐན་ཁྲེང་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར“ཆང་འཐུང་རོགས”ཚོ་ལ་འགན་ཁ་ཤས་འཁུར་དུ་བཅུག་ནས་འདས་པོའི་ནང་མི་ལ་སྒོར279501གི་སྐྱིན་ཚབ(赔偿)སྤྲོད་དགོས་པའི་ཁྲིམས་གཅོད་བྱས་པ་རེད། “ཆང་འཐུང་རོགས”ཚོས་ཁས་ལེན་མ་བྱས་པར་གོང་གཏུག(上诉)བྱས་པ་དང་། ཉེ་སྔོན། ལིན་དབྱི་གྲོང་ཁྱེར་འབྲིང་རིམ་མི་          དམངས་ཁྲིམས་ཁང་གིས་ཉིས་བཤེར(二审)ལ་ཁྲིམས་གཅོད་བྱས་ཏེ་གོང་གཏུག་ཕྱིར་བསློགས(驳回上诉)ནས་ཐོག་མའི་ཐག་གཅོད་སོར་བཞག(维持原判)བྱས་པ་རེད།
          གསོལ་སྟོན་ལ་ཞུགས་དུས། གལ་ཏེ་ཆང་འཐུངས་ནས་དོན་དག་འདྲ་བྱུང་རྗེས། ཆང་འཐུང་རོགས་ཚོ་ལ་གཤམ་གསལ་གྱི་བྱ་སྤྱོད་འདི་བཞི་ཡོད་ན། ཁྲིམས་ལུགས་ཀྱི་འགན་འཁུར་དགོས་པ་སྟེ།

          གཅིག བཙན་སྐུལ་རང་བཞིན་ངང་ཆང་འཐུང་དུ་འཇུག་པ། དཔེར་ན། “ཆང་འདི་མ་འཐུངས་ན་གྲོགས་པོ་མིན་པ”ལྟ་བུའི་སྐད་ཆ་བཤད་དེ་ཟླ་གྲོགས་ལ་ཆང་འཐུང་དུ་འཇུག་པའམ་ཡང་ན་ཟླ་གྲོགས་ཆང་གིས་བཟི་ནས་འདུ་ཤེས་མི་གསལ་བའི་སྐབས་ཡིན་ནའང་། སྔར་བཞིན་ཆང་འཐུང་བར་སྐུལ་བ།
          གཉིས། ཟླ་གྲོགས་ཀྱིས་ཆང་མི་འཐུང་བ་ཤེས་ནའང་སྔར་བཞིན་ཆང་འཐུང་བར་སྐུལ་བ། དཔེར་ན། ཟླ་གྲོགས་ཀྱི་ལུས་པོའི་བདེ་ཐང་གནས་ཚུལ་ཅི་འདྲ་ཡིན་པ་ཤེས་བཞིན་དུ། ཆང་འཐུང་དུ་བཅུག་ནས་ནད་རྙིང་འཕར་དུ་བཅུག་པ།
          གསུམ། ཟླ་གྲོགས་ཆང་གིས་བཟི་རྗེས་བདེ་འཇགས་ངང་ཕྱིར་ལོག་པ་ལ་སྲུང་སྐྱེལ་མ་བྱས་པ། དཔེར་ན། ཟླ་གྲོགས་ཀྱིས་ཆང་འཐུངས་ནས་རང་ཉིད་ལ་བདག་པོ་བྱེད་མི་ཐུབ་པའམ་ཡང་ན་འདུ་ཤེས་མི་གསལ་བར་གྱུར་ནས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པའི་སྐབས། ཆང་འཐུང་རོགས་ཀྱིས་དེ་ཉིད་སྨན་ཁང་ངམ་ཡང་ན་ཁྱིམ་ཚང་དུ་བདེ་འཇགས་ངང་མ་བསྐྱལ་བ།
          བཞི། ཆང་འཐུངས་རྗེས་རླངས་འཁོར་སྐོར་བ་ལ་བཀག་འགོག་མ་བྱས་པར་དོན་རྐྱེན་བྱུང་བ་སོགས་ཀྱི་གནོད་འཚེ་ཐེབས་པ་བཅས་སོ།།
          འདི་ནས་གསལ་འདེབས་བྱ་དགོས་པ་ཞིག་ལ། ཆང་འདི་འཐུང་ན་ཚད་ཐིག་ཡོད་པ་དང་འཐུང་ཤེས་བྱ་དགོས་པ་ལས། བག་མེད་དུ་འཐུང་བའམ་ཡང་ན་གཞན་ལ་ནན་གྱིས་བསྐུལ་ནས་འཐུང་དུ་འཇུག་པ། ཟླ་གྲོགས་དང་དཔའ་ཡོད་མེད་འགྲན་རེ་བྱས་ཏེ་འཐུང་བ་སོགས་གཏན་ནས་བྱེད་མི་རུང་། དེ་འདྲ་བྱས་ཏེ་གྱོང་གུད་ཐེབས་པའམ་ཡང་ན་དོན་དག་འདྲ་བྱུང་ཚེ། རང་གཞན་གཉིས་ཀ་སྡུག་ལ་སྦྱོར་བ་ཡིན།
རྩོམ་སྒྲིག་པ།  བསྟན་ཆོས།