ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

དར་གྱིས་བརྒྱན་པའི་མཚོ་སྔོན་པོ།

སྤེལ་དུས 2023-03-03 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          དགུན་དུས་ཀྱི་དར་ཆགས་པའི་མཚོ་སྔོན་པོ་ནི་དངུལ་གྱི་མེ་ལོང་ཞིག་འཛིན་མའི་ཐོག་ཏུ་བཞག་ཡོད་པ་དང་ཀུན་ནས་མཚུངས་ལ། འདི་ནི་མཚོ་སྔོན་པོ་ལྷིང་འཇགས་སུ་གྱུར་རྗེས་ཀྱི་རྣམ་པ་ཡིན།

          ལོ་རེའི་ཟླ་བཅུ་གཅིག་པའི་ནང་ལ། གྲང་རྒྱུན་དང་པོ་མཚོ་སྔོན་པོའི་ཕྱོགས་སུ་ཐོན་ཚེ། ཆུ་ངོས་ལ་རིམ་བཞིན་མཚོ་དར་ཆགས་པ་དང་། ང་ཚོས་ཀྱང་མཚོ་སྔོན་པོའི་སྔོ་ཞིང་གསལ་བའི་མཛེས་པ་མཐོང་ཐུབ།

          དགུན་ཁ་ཐོན་པ་ན། མཚོ་འགྲམ་གྱི་ནམ་ཟླ་སྔར་བས་འཁྱགས་པ་དང་། ག་ས་གང་དུ་ལས་ལ་བྲེལ་བའི་རྣམ་པས་ཁེངས་ཡོད། དཔལ་དགེ་རྩྭ་ཐང་དུ། ཁྱུ་དང་ཁྱུ་བྱས་པའི་དགོ་སྐྱ་ཡིས་ཁ་ཟས་འཚོལ་བཞིན་ཡོད་ལ། སྔོ་ཞིང་གསལ་བའི་མཚོ་ངོས་སུ“ངང་བའི་མཚོ”ཡི་ཟློས་གར་སྟོན་བཞིན་ཡོད།

          ནམ་ཟླ་ཇེ་འཁྱགས་ལ་ཕྱིན་པ་དང་བསྟུན་ནས། ཆུ་ངོས་ཀྱང་རིམ་བཞིན་མཚོ་དར་གྱིས་གཡོགས་པ་དང་། ཉིན་བརྒྱ་ལྷག་གི་དར་ཆགས་པའི་སྐབས། ཡུལ་འདིའི་སེམས་ཅན་ཚང་མ་འགྲན་སློང་ཆེན་པོ་ཞིག་ལ་འཕྲད་ཡོད་ནའང་། གྲང་ངར་ཆེ་བའི་དགུན་ཁའི་མཚོ་སྔོན་པོའི་ཚེ་སྲོག་གི་སྟོབས་ཤུགས་མངོན་ཡོད།


          ཉེ་བའི་ལོ་ནས་བཟུང་། རང་ཞིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་གསར་འཛུགས། ལྗང་མདོག་འཕེལ་རྒྱས་སོགས་གཙོ་གནད་བྱ་བ་ལ་སྐུལ་འདེད་ཧུར་ཐག་བྱས་པ་བརྒྱུད། མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་ལ་ཤུགས་སྣོན་ཆེན་པོ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ཇེ་ལེགས་སུ་ཕྱིན་པ། མཚོ་སྔོན་པོའི་ཆུ་གཟུགས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4625.6ལ་ཐོན་པ་སོགས་བྱུང་ཞིང་། མཚོ་སྔོན་པོའི་བརླན་ས་ཡི་ཕྱོགས་སྟོན་རང་བཞིན་གྱི་དངོས་རིགས(ཆུ་བྱ)གྲངས་ཀ་ནི2017ལོར་རིགས92ཙམ་མ་གཏོགས་མེད་པ་ནས98ལ་འཕར་བ་དང་། འཚོ་སྡོད་བྱ་རིགས་ཀྱི་གྲངས་ཀ2017ལོར་ཁྲི33.6ཙམ་མ་གཏོགས་མེད་པ་ནས་ཁྲི57.1ལ་འཕར་ཡོད།