ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

འཛམ་གླིང་ཡང་རྩེ་ནས་མཁའ་ལམ་གྱི་འཕོ་འགྱུར་ལ་ལྟ་བ།

སྤེལ་དུས 2024-02-04 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཞུས་ཡུས་ཡའོ།
            “ལྟོས་དང་། མི་དེས་མེ་འཁོར་ལ་གུས་འདུད་ཞུ་གི་འདུག”ཅེས་མེ་འཁོར་ལ་སྡོད་མཁན་འགྲུལ་པས་ཡ་མཚན་ཆེན་པོས་བཤད། དེས་ན་མི་ལ་ལས་ཁ་པར་བཏོན་ནས། ཁ་བ་བུ་ཡུག་ཁྲོད་དུ་སྐྱེས་པ་ཞིག་ཀྲོང་ངེར་ལངས་ཏེ་མེ་འཁོར་ལ་གུས་འདུད་ཞུ་བའི་རྣམ་པ་དེ་པར་བརྒྱབ། ཡུལ་སྐོར་བ་ཚོས་ཡ་མཚན་ཆེན་པོས“ཁོང་ཚོ་ཡང་སྙིང་སུ་རེད”“མེ་འཁོར་ལ་གུས་འདུད་ཞུ་དོན་ཅི་ཡིན”ཞེས་དྲི་བ་སྣ་ཚོགས་བཏོན།
            ཁོང་ཚོ་ནི་ས་མཐོའི་ལྕགས་ལམ་སྲུང་མཁན་ཡིན་ཞིང་། ཁོང་ཚོའི་ཁྲོད་དུ་ལམ་སྐྱོང་བཟོ་པ་ཡོད་ལ་ལམ་སྲུང་པ་དང་ད་དུང་དྲག་ཆས་ཉེན་རྟོག་གི་འཐབ་འཛིང་པའང་ཡོད།
            མྱ་ངམ་ཐང་དུ་དཀའ་ངལ་ཁྱད་དུ་བསད་པ།
            ལམ་སྐྱོང་བཟོ་པའི་རྗེས་སྙེག་ནས་གསར་འགོད་པའང་ངོ་མཚར་རབ་ཏུ་ཆེ་བའི་ལྕགས་ལམ་སྟེ། བོད་རང་སྐྱོང་ལྗོངས་གོར་མོ་ལས་སྒྲུབ་དུམ་བུའི་གདང་ལ་ལམ་རྒྱུད་དུ་ཕྱིན་པ་ཡིན། ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པ་དང་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་ཉི་ཤུ་ཟིན་པས། རྣམ་ཀུན་མངོན་གསལ་དེ་ཙམ་མེད་པའི་ལྕགས་ལམ་གྱི་ལམ་གདན་དུའང་ལར་འཛེག་པའི་སྣང་བ་ཞིག་བྱུང་ལ། གོམ་པ་འགའ་ཤས་ལས་མ་སྤོས་ཀྱང་དབུགས་ཧལ་གྱི་འདུག
            ཡིན་ནའང་དཀའ་ངལ་དེ་དག་བཟོ་པ་ཚོའི་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་ཡིན་ཏེ། ཁོང་ཚོས་ལག་ཏུ་སྒྲིག་ཆས་སྣ་ཚོགས་དང་དོ་པོ་ཆེ་ཆུང་གང་འདྲ་འཁྱེར་ཡོད་རུང་རླུང་ལྟར་མྱུར་བའི་གོམ་པ་སྤོ་བར་གོམས་ཡོད། དཀའ་ཚད་ཆེ་ཤོས་དང་ལྕི་ཤོས་ནི་ལམ་ལྕགས་བརྗེ་རྒྱུ་དེ་རེད།
            ད་དུང་ལྕགས་ལམ་གྱི་ལམ་ལྕགས་བརྗེ་བར་དུས་ཚོད་མང་པོ་མེད་པས་བཟོ་པ་ཚོས་དུས་ཚོད་དམ་འཛིན་བྱེད་དགོས་ཀྱི་ཡོད། མཱ་ཝུའེ་ཅུན་གྱིས་ལྕགས་ལམ་བཟོ་པ་འགའ་ལ་བཀོད་འདོམས་བྱས་ཏེ་ཚང་མས་རང་འགན་གཙང་སྒྲུབ་ཀྱིས་ལྕགས་ལམ་གྱི་ལམ་ལྕགས་གང་མགྱོགས་བརྗེས།
            “མེ་འཁོར་ཕར་འགྲོ་ཚུར་འོང་བྱེད་སྐབས་ལྕགས་ལམ་དུ་ཉམས་བཟོ་བྱེད་མི་རུང་བས། མེ་འཁོར་མེད་པའི་སྐབས་སུ་གཞི་ནས་ལས་དོན་སྤེལ་ཐུབ”ཅེས་མཱ་ཝུའེ་ཅུན་གྱིས་གསར་འགོད་པར་བཤད།
            ལྕགས་ལམ་ནི་མི་དང་འདྲ་བར་ས་བབ་མཐོ་རུ་སོང་ན་སྐྱོན་སྣ་ཚོགས་ཐོན་གྱི་ཡོད་ཅིང་། འཁྱགས་ས་ནི་འགྲན་སློང་ཆེ་ཤོས་ཤིག་རེད། ས་བབ་མཐོ་བའི་ཁུལ་དུ་དྲོད་ཚད་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ས་འཁྱགས་ཐེབས་པ་དང་ཞུ་གྱི་ཡོད། ལོ་ལྟར་འཁྱགས་པ་ཐེབས་པ་ནས་ཞུ་བའི་བར་ལ་ས་ངོས་སུ་འབར་འབུར་ཚད་གཞི་མི་འདྲ་བ་ཆགས་ཀྱི་ཡོད།
            ཐེངས་ཤིག དགོང་མོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ། མཱ་ཝུའེ་ཅུན་ལ“གདང་ལའི་ལྕགས་ལམ་དུམ་བུ་ཞིག་སྐྱོན་ཤོར་འདུག་པས། ང་ཚོ་བཟོ་བར་གང་མགྱོགས་འགྲོ་དགོས་ཀྱི་འདུག ལྕགས་ལམ་ཉམས་བཟོའི་དུས་ཚོད་ཆུ་ཚོད་གཅིག་དང་ཕྱེད་ཀ་ཡོད”ཅེས་པའི་ཁ་པར་འབྱོར།
             ཁོང་གིས་འཕྲལ་མར་བཟོ་པ་ཁྲིད་དེ་སོང་བ་དང་། སྐྱོན་ཤོར་ཡུལ་དུ་འབྱོར་སྐབས་མཚན་དགུང་ཆུ་ཚོད་12ཡོལ་ཟིན། སྐབས་དེ་དུས་ལྕགས་ལམ་ཉམས་བཟོའི་དུས་ཚོད་ཡོལ་གྲབས་ཡོད་པས་ཁོང་ཚོས་གྲ་སྒྲིག་གང་མགྱོགས་བྱས་ཏེ་ལམ་ལྕགས་ཉམས་བཟོ་བྱས།
            ལས་ཀ་ཕྱེད་ཀ་ཙམ་ཚར་རྗེས། མཱ་ཝུའེ་ཅུན་གྱིས་དེ་ནི་ཆུ་ཚོད་གཅིག་ནང་ཐག་གཅོད་བྱེད་ཐབས་བྲལ་བ་དང་། ལམ་ལྕགས་ལ་སྐྱོན་ཤོར་བ་ཕུད་ད་དུང་ལམ་ལྕགས་སྟེང་གི་གློག་འགོག་སྒྲིག་ཆས་གོག་གྲབས་ཡོད་པ་ཤེས། ཁོང་གིས་བཟོ་པ་ཚོ་དང་ཉམས་བཟོ་རོབ་ཙམ་བྱས་ནས་དུས་ཐུང་ནང་འཁོར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་པ་དང་ཆབས་ཅིག ཉམས་བཟོའི་དུས་ཚོད་གཉིས་པ་གང་མགྱོགས་རེ་ཞུ་བྱ་རྒྱུའི་གྲོས་བསྡུར་བྱས། བཟོ་པ་ཚོས་མུ་མཐུད་ཉམས་བཟོ་བྱེད་པ་དང་། མཱ་ཝུའེ་ཅུན་ཡིས་རྒྱབ་ཕྱོགས་ལ་འབྲེལ་བ་བྱས་ཏེ་ཉམས་བཟོའི་དུས་ཚོད་རྗེས་མ་གཏན་འཁེལ་བྱས།
            གྲོས་བསྡུར་མཐུན་སྦྱོར་བྱས་པ་བརྒྱུད། དགོང་མོ་དེ་རང་ལ་ཉམས་བཟོའི་དུས་ཚོད་རག་ནས་ཐོ་རེངས་ཆུ་ཚོད་ལྔ་པ་ཡོལ་ཙམ་བར་ལས་ཀ་བྱས་མཐར་ཉམས་བཟོའི་ལས་དོན་ཡོངས་སུ་གྲུབ། ཉམས་བཟོ་ཚར་ཏེ་ལམ་ལྕགས་ནས་བྲལ་རྗེས། ཁོང་ཚོས་ཆེད་མངགས་དུས་ཚོད་ཉེ་ཤོས་ཀྱི་མེ་འཁོར་ཞིག་བསྒུགས་ནས་ཤར་བགྲོད་གནས་ཚུལ་ལ་བལྟས་པ་མ་ཟད། མེ་འཁོར་ལ་གུས་འདུད་ཀྱང་ཞུས་པ་རེད།
            ལྕགས་ལམ་སྲུང་མཁན་ཡིན་ལ་དཔང་པོ་བྱེད་མཁན་ཡང་ཡིན་པ།
            མཚོ་བོད་ལྕགས་ལམ་གྱི་བབས་ཚུགས་མཐའ་མ་ལྷ་ས་བར་བཟོས་ཚར་ཉེའི་མཚམས་སུ། ལྕགས་ལམ་གཡས་གཡོན་གཉིས་སུ་འདུས་སྡོད་བྱེད་མཁན་མང་དུ་ཕྱིན་པ་དེ་ནི་ལྕགས་ལམ་སྲུང་མཁན་ཚོའི་སེམས་ཁྲལ་བྱེད་སའི་གནད་དོན་གསར་པ་ཞིག་ཏུ་གྱུར།
            སྐྱིད་ཆུའི་ཟམ་ཆེན་ངོགས་གཉིས་སུ། དམིགས་བསལ་གྱི་དཔུང་སྡེ་ཞིག་ཡོད་པ་ནི་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་གི་རུ་འབྲིང་ཞིག་རེད། ཁོང་ཚོས་ལེ་དབར་སྟོང་ཟིན་པའི་མཚོ་བོད་ལྕགས་ལམ་གྱི་ཟམ་པ་མཇུག་ཤོས་དེ་སྲུང་བཞིན་ཡོད།
            ཟམ་པ་སྲུང་དགོས་པའི་རྐྱེན་གྱིས་རུ་འབྲིང་ཁག་གཉིས་སུ་བགོས་ཤིང་། རུ་འབྲིང་གནས་སའི་ཡིང་ཤོག་ནི་ཟམ་པའི་སྣེ་གཅིག་ལ་ཡོད་པ་དང་། སོ་ལྟ་ཁང་ནི་ཟམ་པའི་སྣེ་གཞན་དེར་ཡོད། ཆུ་གཞུང་སྒྲོལ་ནས་སོ་ལྟ་ཁང་དུ་ལས་རེས་ལ་སྐྱོད་པར། འཐབ་འཛིང་པ་ཚོ་རླངས་འཁོར་ལ་བསྡད་ནས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སྐྱོད་དགོས་ཀྱི་ཡོད།
            ཏུའུ་པིན་པིན་ནི་རུ་འབྲིང་གི་རུ་མིའི་གྲས་ཤིག་ཡིན་ཞིང་། ཁོང་ལས་རེས་འཁེལ་སྐབས་ཞོགས་པ་སྔ་པོ་ནས་ལངས་ཏེ་གཡང་ཟར་རི་བོ་བརྒྱུད་དེ་སོ་ལྟ་བྱ་ཡུལ་གྱི་རྩེ་མོར་འཛེག་དགོས་ཀྱི་ཡོད། 
            ཐེངས་ཤིག བོད་རིགས་ཕྲུ་གུ་ཞིག་ལམ་ནོར་ཐེབས་ཏེ་ཟམ་ཆེན་ཉེ་འགྲམ་གྱི་ལྕགས་ལམ་དུ་སླེབས་པ་དང་མྱུར་ཚད་མགྱོགས་པའི་མེ་འཁོར་ཞིག་དེ་གར་སླེབས་གྲབས་ཡོད་པ་དང་སྐབས་འཁེལ།
            ལས་རེས་དྲག་ཆས་ཉེན་རྟོག་འཐབ་འཛིང་པས་འཕྲལ་ཐག་ཆོད་པོས“ཕྲུ་གུ་བསྐྱབས་ན་གཉིས་ཀ་ཤི་བའི་ཉེན་ཁ་ཡོད་རུང་། ཡིན་ཅིག་སྐྱོབ་དགོས”ཞེས་ཤོད་བཞིན་ཕྲུ་གུ་ཡོད་སའི་ཕྱོགས་སུ་བརྒྱུགས་ཏེཕྲུ་གུ་བསྐྱབས་པས་ཕྲུ་གུར་རྨས་སྐྱོན་ཕོག་མེད་རུང་། འཐབ་འཛིང་པ་དེའི་རྐང་པའི་རུས་ཚིགས་ཆག་པ་རེད།
            སོ་ལྟ་ཁང་དུ་སླེབས་རྗེས། ཏུའུ་པིན་པིན་གྱིས་འཐབ་གྲོགས་ཚོ་དང་མཉམ་དུ་ལས་ཟམ་པ་དང་ཉེ་འཁོར་གྱི་གནས་ཚུལ་ལ་ལྟ་གིན་ལྟ་སྡོམ་ཡོལ་ཆེན་ལའང་ལྡིར་ནས་སོ་ལྟ་མ་ཐུབ་པའི་ཁུལ་གྱི་ལྕགས་ལམ་ལམ་རྒྱུད་ཀྱི་གནས་ཚུལ་ལ་བལྟས། ད་ཆ། སྒྲིག་ཆས་ལེགས་སུ་སོང་བ་ལས་ཏུའུ་པིན་པིན་དང་འཐབ་གྲོགས་ཚོས་ལྕགས་ལམ་ལམ་རྒྱུད་ཀྱི་གནས་ཚུལ་དེ་བས་གསལ་པོ་ལྟ་ཐུབ་པས་ཁོང་ཚོས་ལམ་རྒྱུད་དེ་དག་ཏུ་གནས་པའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་ཚུད་ནས་ཤེས་ཀྱི་ཡོད།
            ཏུའུ་པིན་པིན་སོགས་ཀྱི་འགན་འཁྲི་ནི་ཟམ་པ་སྲུང་བ་ཙམ་མིན་པར། ཟམ་པའི་ཉེ་འགྲམ་དུ་ཐོན་པའི་ལས་འཛོལ་ཁག་གཅིག་ལའང་རུ་འབྲིང་གི་འཐབ་འཛིང་པ་ཚོས་ཐེ་ཇུས་བྱེད་དགོས་ཀྱི་ཡོད། རུ་འབྲིང་དཔོན་ཀྲང་ཆིས། ལོ་ཞིག་འཐབ་འཛིང་པ་ཚོ་ལས་རེས་བྱེད་སྐབས་ལྟ་སྡོམ་གློག་མིག་ནས་གཙང་པོ་ནས་ནག་རིལ་རིལ་ཞིག་འཁྱེར་ཡོང་བ་མཐོང་ཞེས་ཕྱིར་དྲན་བྱས།
            ལས་རེས་འཐབ་འཛིང་པ་ཚོས་འཐབ་གྲོགས་བོས་ནས་ཞིབ་མོར་ལྟ་སྐབས། མི་གསོན་པོ་ཞིག་ཡིན་པ་ཤེས།
            ཁོ་ཚོས་ལམ་སེང་རུ་འབྲིང་ལ་སྐྱོབ་རོགས་རེ་ཞུ་བྱས་མ་ཐག་ཟམ་འོག་ཏུ་བཅའ་སྡོད་བྱེད་མཁན་འཐབ་འཛིང་པ་ཆུ་འགྲམ་དུ་འབྱོར། ཀྲང་ཆི་སོགས་འཐབ་གྲོགས་ཚོས་ཆུར་ལྷུང་པ་ནི་ལོ་བཞི་བཅུ་ལྷག་ཙམ་ལ་སླེབས་པའི་བོད་རིགས་ཕོ་གཞོན་ཞིག་ཡིན་པ་དང་། ཆུ་འགྲམ་དང་ཐག་ཉེ་ཤོས་ཀྱི་ཟམ་གདན་ལ་འཁར་བ་ཤེས།
            འཐབ་འཛིང་པ་ཁག་གཅིག་གིས་སྲོག་སྐྱོབ་གོས་སོགས་འཁྱེར་ནས་ལག་གདང་སྦྲེལ་ཏེ་གང་ཐུབ་ཅི་ཐུབ་བྱས་པའི་མཐར་ཆུར་ལྷུངས་པའི་མི་དེ་བསྐྱབས་ཐུབ་པ་རེད།
            དེ་རྗེས། འཐབ་འཛིང་པ་ཚོ་དང་ས་གནས་ས་ཐོག་ཏུ་སླེབས་པའི་མེ་གསོད་རུ་མི་དང་སྤྱི་བདེའི་ཉེན་རྟོག་པས་མཉམ་དུ་ཆུར་ལྷུངས་པའི་མི་དེ་གང་མགྱོགས་ཆུ་ཁར་བཏོན་རྗེས་ཐག་ཉེ་སའི་སྨན་ཁང་དུ་བསྐྱལ།“ཕོ་གཞོན་དེ་དངངས་སྐྲག་སྐྱེས་པ་དང་གཟུགས་པོའི་དྲོད་ཚད་ཤོར་བ་ཕུད། སྐྱོན་ཆེ་བ་བྱུང་མེད། གལ་སྲིད་ང་ཚོས་མི་དེ་དུས་ཐོག་ལ་མཐོང་མེད་ན། གནས་ཚུལ་ཚབས་ཆེན་ཐོན་ངེས་རེད”ཅེས་ཀྲང་ཆིས་བཤད།
            ཁོང་ཚོ་ནི་ལྕགས་ལམ་སྲུང་མཁན་རེད་ལ། བོད་ལྗོངས་འཕེལ་རྒྱས་ཀྱི་དཔང་པོ་བྱེད་མཁན་ཡང་རེད། (ཚེ་བརྟན་སྒྲོལ་དཀར་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)