དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

སྤེལ་དུས 2020-11-02 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཟླ་11ཚེས་1ཉིན་དཔེ་སྐྲུན་བྱས་པའི་འདོན་ཐེངས་ཉེར་གཅིག་པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་སྐོར་གྱི་གནད་དོན་གལ་ཆེན་འགའ་ཞིག》ཅེས་པའི་རྩོམ་ཡིག་གལ་ཆེན་བཀོད་ཡོད་པ་རེད།
        རྩོམ་ཡིག་ནང་ནན་བཤད་གནང་དོན། དེང་གི་དུས་སུ་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ད་ཐེངས་ཀྱི་རིམས་ནད་ནི་ཉམས་ཉེན་ཞིག་རེད་ལ་ཚོད་བགམ་ཆེན་པོ་ཞིག་ཀྱང་རེད། ང་ཚོས་གཅིག་ཤེས་ཀུན་གྲོལ་གྱིས་ཡུན་རིང་རང་བཞིན་གྱི་བསམ་གཞིག་སྔར་ལས་ལྷག་པ་བྱེད་པ་དང་། འཐབ་ཇུས་བཀོད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁ་གོ་སྐབས་སུ་འགྱུར་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་དགོས།
        རྩོམ་ཡིག་ནང་མཛུབ་སྟོན་གནང་དོན། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་བློ་རྩ་བརྟན་པོས་ལག་ལེན་བསྟར་དགོས་ཤིང་། ནང་མཁོ་རྒྱ་སྐྱེད་གཏོང་དགོས་པའི་འཐབ་ཇུས་ཀྱི་གནས་གཞི་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ལྷུ་ཚིགས་ཁག་གིས་རྒྱལ་ནང་གི་ཁྲོམ་རར་མང་ཙམ་བརྟེན་ནས་འཁོར་རྒྱུག་ཡག་པོ་ཡོང་བ་བྱེད་དགོས། རྒྱལ་ནང་དུ་འཁོར་རྒྱུག་ཇི་ཙམ་ཡག་པོ་བྱུང་ན། རྒྱལ་ནང་གི་འཁོར་རྒྱུག་གཙོ་བོར་འཛིན་པ་དང་རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་དེ་བས་ཕན་ཐོགས་ཡོད།
        རྩོམ་ཡིག་ནང་མཛུབ་སྟོན་གནང་དོན། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འཁོར་འབྲེལ་ལེགས་སུ་འགྲོ་བ་དང་བརྟན་པོ་ཡོང་བ་བྱེད་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འཁོར་འབྲེལ་གཉིས་ཀྱི་སྦྲེལ་ཐག་འགག་རྩའི་དུས་སུ་ཆད་ན་འགྲིག་ཐབས་མེད། དེ་ནི་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་ལ་ལྡན་དགོས་ངེས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་རེད། ལེགས་ཆ་གསབ་པ་དང་སྐྱོན་ཆ་བསལ་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་དང་འབྲེལ་ཚིགས་སུ་ཏུ་རང་བརྟེན་ཚོད་འཛིན་དང་བདེ་འཇགས་བློས་འཁེལ་གྱི་རྒྱལ་ནང་གི་ཐོན་སྐྱེད་མཁོ་སྤྲོད་མ་ལག་ཅིག་སྐྲུན་དགོས།
        རྩོམ་ཡིག་ནང་མཛུབ་སྟོན་གནང་དོན། གྲོང་ཁྱེར་ཅན་གྱི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྨང་གཞིའི་དམིགས་ཚད་ཅིག་ཏུ་བརྩིས་ཏེ། མི་གཙོ་བོར་འཛིན་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་ནས་གྲོང་ཁྱེར་དེ་ཉིད་དེ་བས་བདེ་ཐང་དང་། དེ་བས་བདེ་འཇགས། དེ་བས་སྡོད་མལ་བཅས་ཡོང་བ་བྱེད་དགོས།
རྩོམ་ཡིག་ནང་མཛུབ་སྟོན་གནང་དོན། ཚན་རྩལ་འཕེལ་རྒྱས་གཏོང་རིང་གནད་དོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རྩལ་གྱི་གཏོང་ཆ་དང་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་གྱི་ལམ་སྲོལ་གཏོད་དགོས། མི་དང་རང་བྱུང་ཁམས་གཉིས་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་དགོས་པ་དང་། མི་དང་རང་བྱུང་ཁམས་གཉིས་མཉམ་འཚོ་མཉམ་གནས་ཀྱི་མཐོ་ཚད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཇུས་འགོད་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། རྩེ་རིམ་ཇུས་འགོད་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་གི་གནས་བབ་མཐོ་རུ་གཏོང་དགོས།
རྩོམ་སྒྲིག་པ། སངས་སྐྱབས།