ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཐུར་ཁེ་དང་སི་རི་ཡར་ས་ཡོམ་དྲག་པོ་བརྒྱབ་པར་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་དང་སི་རི་ཡའི་ཙུང་ཐུང་པ་ཧྲར་རྣམ་གཉིས་ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

སྤེལ་དུས 2023-02-08 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེ་དང་སི་རི་ཡར་ས་ཡོམ་དྲག་པོ་བརྒྱབ་པར་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་དང་སི་རི་ཡའི་ཙུང་ཐུང་པ་ཧྲར་རྣམ་གཉིས་ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
  ཞི་ཅིན་ཕིང་གིས་སྐུ་ཉིད་རྒྱལ་ཁབ་ལ་ས་ཡོམ་དྲག་པོ་བརྒྱབ་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་སྣར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་སྦྲགས། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཞབས་ཙུང་ཐུང་གི་སྣེ་ཁྲིད་འོག་སྐུ་ཉིད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་གནོད་འཚེའི་ཤུགས་རྐྱེན་གང་མགྱོགས་སེལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།