ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

2018ལོར་འགན་བཅོལ་ལྔ་དང་མ་དངུལ་གཅིག་ལ་འགྱུར་ལྡོག་5འབྱུང་རྒྱུ་རེད།

སྤེལ་དུས 2018-01-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ།
          2018ལོར། དམངས་འཚོར་ཕན་འདོགས་པའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། དེའི་ཁྲོད་དུ། མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་འགན་བཅོལ་ལྔ་དང་མ་དངུལ་གཅིག་བཅས་ལ་ཉུང་མཐར་ཡང་འགྱུར་ལྡོག་ཆེན་པོ5འབྱུང་རྒྱུ་ཡིན་ལ། དེས་ཁྱོད་དང་ང་ཡི་ཡོང་འབབ་དང་འཚོ་བར་ཕན་ཁེ་ལྡན་པའི་ཤུགས་རྐྱེན་བཟང་པོ་ཐེབས་ངེས།

མི་དམངས་ཤོག་སྒོར།
འགྱུར་ལྡོག་དང་པོ་སྟེ། རྒན་གསོའི་འགན་བཅོལ་ཐད་རྒྱལ་ཡོངས་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་གོམ་པ་དང་པོ་སྤོས་པ།
          ཉེ་ཆར་འཚོགས་པའི་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཚོགས་འདུའི་ཐོག  2018ལོར།  དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་དངོས་སུ་བྱ་རྒྱུ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཐད་ཀྲུང་དབྱང་གི་སྙོམ་སྒྲིག་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བསྟན་འདུག
          གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཐད་ཀྱི་ཀྲུང་དབྱང་གི་སྙོམ་སྒྲིག་ལམ་ལུགས་འདི་ནི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པར་གོམ་པ་དང་པོ་སྤོས་པ་ཡིན་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས། དེས་ས་ཁུལ་བར་གྱི་མི་གྲངས་ཀྱི་གྲུབ་ཚུལ་དང་ལྷག་པར་དུ་མི་འབོར་གྱི་འགྲོ་སྐྱོད་ཀྱི་དབང་གིས་གསོ་སྐྱོང་ཁྱད་པར་ཆེ་དྲགས་པ་ལས་བྱུང་བའི་རྒན་གསོའི་འགན་བཅོལ་དོ་སྙོམས་དང་ཆད་ལྷག་སྙོམ་སྒྲིག་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་རྒན་གསོའི་འགན་བཅོལ་ཕན་ཚུན་རོགས་རེས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་ཐུབ་ཅེས་བསྟན།
          “རང་རྒྱལ་གྱི་ས་ཁོངས་འཕེལ་རྒྱས་ཧ་ཅང་དོ་མི་མཉམ་པ་དང་། ལོ་རྒས་ཅན་གྱི་བར་ཁྱད་ཧ་ཅང་ཆེ། ཧེ་ལུང་ཅང་ནི་མིག་སྔར་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་གཏོང་སྤྲོད་དཀའ་ངལ་ཆེ་ཤོས་ཀྱི་ཞིང་ཆེན་ཡིན་ཏེ། གཉོར་སྐྱོང་གི་བསྡུར་ཚད་ནི་1:3དང་།འོན་ཏེ་ཀོང་ཏུང་གི་ཆེས་མཐོ་ཤོས་ཏེ9:1རེད།” མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་དབྱི་ཝུའེ་མིང་གིས་དེ་སྔོན་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ལོ་རེར་དུས་རིམ་ལྟར་རྩིས་སྤྲད་རྗེས་ལྷག་འཕྲོའི་སྒོར་ནི་ཧ་ལམ་དུང་ཕྱུར4000ལྷག་ཙམ་ཡིན་པ་དང་། ལྷག་འཕྲོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི4ལྷག་ཙམ་ཡིན་ལ། དེས་ཟླ16རིང་སྤྲོད་རྒྱུར་ཁག་ཐེག་བྱས་ཆོག་ལ།  རྒྱལ་ཡོངས་སུ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་ནི་ཞིང་ཆེན་དང་ཞིང་ཆེན་དབར་དབུལ་ཕྱུག་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་ཆེད་ཡིན་ཞེས་བསྟན་བྱུང་།

ལས་བསྡུའི་ཡུལ་དངོས་སུ་ཕྱོགས་གཉིས་ཀས་ངོ་འཕྲད་གྲོས་མོལ་གནང་བཞིན་པ།
འགྱུར་ལྡོག་གཉིས་པ་སྟེ། ལས་ཤོར་མི་སྣའི་རྒན་གསོ་དང་སྨན་བཅོས་འགན་བཅོལ་ཚབ་སྤྲོད་གནང་རྩིས་ཡོད་པ། 
          རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྲོས་ཚོགས་ཀྱིས། མུ་མཐུད་དུ་ལོ་གཅིག་གི་དུས་རིམ་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཚད་དམའ་རུ་གཏོང་པ་རྒྱུན་བསྲིངས་ནས་ལས་ཤོར་འགན་བཅོལ་སྲོལ་ཡིག་ལ་བཟོ་བཅོས་ལག་བསྟར་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་བཏོན།
          2017ལོའི་ཟླ11པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས《ལས་ཤོར་འགན་བཅོལ་སྲོལ་ཡིག་(བཟོ་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཡིག)》སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་དང་། ད་ལྟ་སྤྱོད་བཞིན་པའི་སྲོལ་ཡིག་དང་བསྡུར་ན། བསམ་འཆར་མ་ཟིན་ནང་དུ་ལས་ཤོར་མི་སྣར་གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་དང་། ལས་རིགས་རྩལ་ནུས་གསལ་འབྱེད་ཁ་གསབ། ལས་གཏོད་ཁ་གསབ་ཚབ་སྤྲོད་དང་།  སྨན་བཅོས་གསབ་དངུལ་ནི་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་ཚབ་སྤྲོད་ལ་ལེགས་སྒྲིག་བྱེད་པའི་ནང་དོན་བསྣན་འདུག
          མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས། གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་ཚབ་སྤྲོད་བྱེད་པས་ལས་ཤོར་མི་སྣའི་རྒན་གསོའི་འགན་བཅོལ་གྱི་དངུལ་སྤྲོད་མཚམས་བཅད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ལས་ཤོར་མི་སྣས“རྒས་དུས་འཚོ་རྟེན”མེད་པའི་སེམས་ཁྲལ་མེད་པར་བཟོས། གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་ཚབ་སྤྲོད་གནང་པ་དེས་ལས་ཤོར་མི་སྣའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་ལ་འགན་སྲུང་གནང་པ་དང་། ལས་ཤོར་མི་སྣས་དངུལ་ལེན་རིང“ནད་ལ་སྨན་བཅོས”ཀྱི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་བསྟན་བྱུང་།

ལས་འཁྱུར་ངལ་གསོ་བྱས་པའི་རྒན་པོ།
འགྱུར་ལྡོག་གསུམ་པ་སྟེ། ཁྱོད་ལ་ལས་འཁྱུར་ངལ་གསོའི་ཡོང་འབབ་ཅིག་ཇེ་མང་དུ་འགྲོ་སྲིད།
          སྤྱི་ལོ2018ལོའི་ཟླ2པའི་ཚེས་1ནས་བཟུང་། 《ཁེ་ལས་ཀྱི་ལོ་ཕོགས་བྱེད་ཐབས》དངོས་སུ་ལག་བསྟར་བྱ་རྒྱུ་རེད། ཁེ་ལས་ཀྱི་ལོ་ཕོགས་ནི་ཁེ་ལས་དང་དེ་བཞིན་ལས་བཟོ་པ་ཁྲིམས་ལྟར་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་རྨང་གཞིའི་ཐོག ཐུན་མོང་ཐོག་རྒན་གསོའི་འགན་བཅོལ་གྱི་ཁ་གསབ་ལམ་ལུགས་འཛུགས་པ་མཉམ་གྲོས་བྱེད་པ་ནི་རང་རྒྱལ་གྱི་རིམ་པ་མང་བའི་རྒན་གསོ་འགན་བཅོལ་ལམ་ལུགས་མ་ལག་ཁྲོད་ཀྱི་སྲོག་ཤིང་གཉིས་པའི་གྲུབ་ཆ་གལ་ཆེན་ཞིག་རེད།
          གཏན་འབེབས་ལྟར་ན། ཁེ་ལས་ཀྱི་ལོ་ཕོགས་ལ་མཁོ་བའི་གྲོན་དངུལ་ནི་ཁེ་ལས་དང་ལས་བཟོ་བའི་གཉིས་ཀྱིས་མཉམ་དུ་སྤྲོད་རྒྱུ་དང་། ཁེ་ལས་ཀྱིས་གྲོན་དངུལ་སྤྲོད་པ་དེ་ལོ་རེར་ཁེ་ལས་ཀྱི་ལས་བཟོ་པའི་གླ་ཕོགས་བསྡོམས་འབོར་གྱི8%ལས་བརྒལ་མི་རུང་།
          2016ལོའི་ལོ་མཇུག་བར།  རྒྱལ་ཡོངས་སུ་ཁེ་ལས་ཀྱི་ལོ་ཕོགས་བཙུགས་པའི་སྡེ་ཚན་ཁྲི7.6ལ་སླེབས་ཤིང་། ལས་བཟོ་པ་མི་ཁྲི2325དང་། ཐེབས་རྩ་སྒོར་དུང་ཕྱུར་ཁྲི1.1གསོག་འཇོག་གནང་ཡོད་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས། ལས་བཟོ་པ་ཁེ་ལས་ཀྱི་ལོ་ཕོགས་ནང་ཞུགས་པ་ནི་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་ཕན་པའི་རྨང་གཞིའི་ཐོག རྒན་གསོའི་ཁ་གསབ་གཞན་ཞིག་གསོག་འཇོག་བྱེད་རྒྱུ་བསྣན་ནས་ལས་འཁྱུར་བྱས་རྗེས་ཀྱི་ཡོང་སྒོའི་ཆུ་ཚད་དང་འཚོ་བའི་སྤུས་ཀ་སྔར་བས་མཐོ་རུ་གཏོང་པ་ཡིན་ཞེས་བསྟན་བྱུང་།

དངུལ་ཁང་གི་ལས་བྱེད་མི་སྣས་དངུལ་སྒོར་རྩིས་བཤེར་བྱེད་པ། 
འགྱུར་ལྡོག་བཞི་བ་སྟེ། རྒྱལ་ཁབ་ལ་དབང་བའི་མ་རྩ་ཁག་ཅིག་བསྟུད་མར་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་གསབ་སྣོན་བྱེད་པ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བསྒྲགས་བྱས་པའི《རྒྱལ་ཁབ་ལ་དབང་བའི་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་གསབ་སྣོན་དུ་སྒྱུར་པའི་ལག་བསྟར་ཇུས་གཞི》རུ།  སྒྱུར་པའི་བསྡུར་གྲངས་གཅིག་གྱུར་ཐོག་ཁེ་ལས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྐང་བདག་དབང་གི10%གཏན་འཁེལ་གསལ་པོ་གནང་ཡོད་པ་རེད།
          ཇུས་གཞིར།  2017ལོར་ཀྲུང་དབྱང་གི་ཁེ་ལས་ཁ་ཤས་དང་ཞིང་ཆེན་ཁ་ཤས་བདམས་ནས་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དང་། ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག  2018ལོ་དང་དེའི་རྗེས་སུ། ཁག་བགོས་ནས་ཆ་རྐྱེན་དང་མཐུན་པའི་ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་དང་། ཀྲུང་དབྱང་སྲིད་འཛིན་བྱ་གཞག་ལས་ཁུངས་ཀྱིས་གཉེར་བའི་ཁེ་ལས། དེ་བཞིན་ཀྲུང་དབྱང་དངུལ་རྩའི་ལས་ཁུངས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྐང་བདག་དབང་གང་མགྱོགས་སྒོས་སྒྱུར་བའི་ལས་དོན་ལེགས་འགྲུབ་ཡོང་དགོས་པའི་བླང་བྱ་བཏོན་འདུག
          ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་སྤྱི་ཚོགས་འགན་སྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ཡིང་ཧྭ་ཡིས་གསར་འགོད་པར། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩར“གཞན་བརྟེན”ཐུབ་པ་བསྟུན། རྒན་གསོའི་དངུལ་མི་འདང་བའི་གནད་དོན་ཞི་ལྷོད་དུ་གཏོང་ཐུབ་པར་གྱུར་ནས། མི་འདང་ས་མི་རབས་རྗེས་མར་སྒྱུར་པའི་གནད་དོན་མེད་པར་བཟོ་ཐུབ་ལ། རབས་ཁེ་འདྲ་མཉམ་མངོན་འགྱུར་བྱུང་པའི་དུས་མཚུངས་སུ། རྒན་གསོའི་འཚོ་དངུལ་དུས་ཐོག་ཏུ་ཆད་ལུས་མེད་པར་སྤྲོད་ཐུབ་པར་འགན་ལེན་གནང་ཐུབ་ལ། མི་འབོར་ལོ་རྒས་ཅན་གྱིས་རྒན་གསོའི་འགན་བཅོལ་ལམ་ལུགས་ལ་བཟོས་པའི་དཀའ་གནད་སེལ་ཐུབ་ཅེས་བསྟན་བྱུང་།

པེ་ཅིང་གི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས།
འགྱུར་ལྡོག་ལྔ་བ་སྟེ། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་བསྐྱིས་དངུལ་གྱིས་སྡོད་ཁང་སྔར་ལས་ཉོ་སླ་བ།
          སྡོད་ཁང་སྤྱི་གསོག་མ་དངུལ་གྱིས་ལས་བཟོ་བས་ཁང་པ་ཉོ་སྐབས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ།  རྩིས་བརྒྱབ་པ་ལྟར་ན།  གྲངས་ཚད་སྒོར་ཁྲི100དང་དུས་བཀག་ལོ་ངོ20ཡིན་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་ནི་ཚོང་ལས་དངུལ་ཁང་གིས་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྐྱེད་ཀ་དང་བསྡུར་ན་གཏོང་སྒོ་སྒོར་ཁྲི20ཡན་གྲོན་ཆུང་བྱེད་ཐུབ། འོན་ཀྱང་ཉེ་བའི་ཆར། ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་ཁང་པ་ཉོ་མཁན་གྱིས་སྤྱི་གསོག་མ་དངུལ་སྤྱད་ནས་དངུལ་བུན་བཀོལ་བ་དང་ལེན་མ་བྱས་པས་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད་པ་རེད།
          དེའི་ཐད། སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་གྱིས་ཉེ་ཆར་མཉམ་འབྲེལ་ཐོག《སྡོད་ཁང་སྤྱི་གསོག་གནང་པའི་ལས་བཟོ་པས་སྡོད་ཁང་ཉོ་བར་དངུལ་བུན་བཀོལ་བའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་པ་དང་། ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་སྡོད་ཁང་བྲིན་འཚོང་གི་གོང་ཚད་མཐོ་རུ་སྤར་བ་དང་། རིན་གོང་བཅོག་འཕྲི་ཉུང་དུ་གཏོང་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁང་པ་ཉོ་མཁན་གྱིས་སྤྱི་གསོག་མ་དངུལ་སྤྱད་དེ་དངུལ་བུན་བཀོལ་བར་ཚད་བཀག་དང་། ཐེ་གཏོགས། བཀག་འགོག་བྱས་མི་ཆོག་པ་དང་། ཁང་པ་ཉོ་མཁན་གྱིས་སྤྱི་གསོག་མ་དངུལ་གྱི་སྡོད་ཁང་ལ་དངུལ་བུན་བཀོལ་བའི་ཁེ་དབང་རང་འདོད་ཀྱིས་དོར་བར་ཡིག་ཆའི་སྟེང་མིང་རྟགས་འགོད་རྒྱུའི་རེ་བ་འདོན་པའམ་རྣམ་པ་འགྱུར་བའི་རེ་བ་བཏོན་མི་ཆོག་པའི་བླང་བྱ་བཏོན་ཡོད།
          《བརྡ་ཐོའི》ནང་། སྤྲོད་གསོག་ལས་བཟོ་པས་གྲོང་མིའི་སྦྲེལ་ལམ12345དང་། 12329སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཞབས་ཞུའི་སྦྲེལ་ལམ་སོགས་ཐབས་ལམ་བརྒྱུད། ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་དང་ཁང་པ་ཕྱིར་འཚོང་མཚམས་སྦྱོར་ལས་ཁུངས་གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་བཀོལ་བ་དང་ལེན་མི་བྱེད་པའི་གནད་དོན་ཞུ་གཏུག་ཐེར་འདོན་བྱས་ཆོག
          ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་འདི་དག་ལག་བསྟར་བྱས་པ་དང་བསྟུན། ལས་བཟོ་པའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་བཀོལ་ནས་ཁང་པ་ཉོ་བ་དེ་བས་ལས་སླ་བར་གྱུར་ནས། སྡོད་ཁང་གི་སྤྱི་གསོག་མ་དངུལ་ལས་ཐོབ་པའི་ཕན་འབྲས་དོན་དང་མཐུན་པའི་སྒོ་ནས་ལོངས་སྤྱོད་བྱེད་ཐུབ་པའོ།