དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རིམས་འགོག་གི་ལས་དོན་སྐོར་ལ་བོད་ཀྱིས་བྱ་ཐབས་ཁག་བཅུ་བཏོན་འདུག

སྤེལ་དུས 2020-03-10 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
《ཏོག་གསར་གློ་ཚད་རིམས་ནད་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ལྷན་གྱི་བསམ་འཆར》གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཉིན་ཤས་གོང་། བོད་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱིས་ཞིབ་ཕྲའི་བྱེད་ཐབས་ཁག་བཅུ་བཟོས་ཏེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཏེ། ལྗོངས་ཡོངས་ཀྱི་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད།  
           གཅིག་ནི་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས། 
           གཉིས་ནི་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་དགོས། 
           གསུམ་ནི་རིམས་ནད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། 
           བཞི་ནི་གཙོ་གནད་ཁྱབ་ཁོངས་ལ་ཁྲིམས་ལྟར་ཁྲིམས་འཛིན་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། 
           ལྔ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས། 
           དྲུག་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། 
           བདུན་ནི་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་དགོས། 
           བརྒྱད་ནི་ཁྲིམས་ལྟར་རིམས་ནད་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། 
           དགུ་ནི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་དང་གླེང་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་ཆེ་གྲས་ཁྲིམས་ལྟར་ཐག་གཅོད་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། སྤྱི་ཚོགས་ཀྱི་ངོས་ནས་དོ་དམ་ཚོད་འཛིན་བཅས་ཀྱི“གོམ་སྟབས་གཅིག་མཚུངས་གསུམ”གྱི་བླང་བྱ་གཞིར་བཟུང་། སྤྱི་ཚོགས་ལ་གྱོད་གཞིའི་འཕེལ་རིམ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ་དང་། དོན་དངོས་ཀྱི་གནས་ཚུལ་ངོ་མ་གསལ་པོ་བཟོ་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། 
           བཅུ་ནི་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས།

 

རྩོམ་སྒྲིག་པ། བདེ་སྒྲོལ།