དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁ་པར་ལམ་གྱི་མགོ་སྐོར་གཏོང་སྟངས་གསར་པ་འདིར་ཚང་མས་ཡིད་གཟབ་བྱོས།

སྤེལ་དུས 2020-04-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          རིམས་ནད་ལ་འགོག་རྒོལ་བྱེད་པའི་སྐབས་འདིར་“སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་”བཅས་ལ་བརྫུས་ནས་མགོ་སྐོར་གཏོང་བའི་ཐབས་རྙིང་པ་དེ“ནད་ཡམས་ཚོད་འཛིན་ལྟེ་གནས”ལ་བསྒྱུར་ཏེ་ཐོན་འདུག མགོ་སྐོར་གཏོང་མཁན་གྱིས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣའི་མིང་ཐོག་ནས་ཐོག་མར་ཁྱེད་རང་ནས་ཁྲིམས་འགལ་གྱིས་སྨན་བཅོས་དངོས་ཟོག་ཚོང་འགྲེམ་བྱས་ཡོད་པའི་སྐྱོན་བཙུགས་ཏེ་རིམ་གྱིས་མགོ་སྐོར་གཏོང་བཞིན་ཡོད།
          པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་གཞི་མྱུལ་ཞིབ་རུ་ཁག་གིས་རིམས་འགོག་བྱེད་རིང་“ནད་ཡམས་ཚོད་འཛིན་ལྟེ་གནས”ལ་བརྫུས་པའི་མགོ་སྐོར་བྱེད་ཐབས་ཀྱི་གཡོ་འོག་ཏུ་ཚུད་ཉེན་ཆེ་ན་ཡང་། སྐད་ཆ་ཚིག་འདི་5སྣ་ལམ་དུ་འབྱོར་ཚེ་མགོ་སྐོར་གཏོང་མཁན་ཡིན་པ་གཏན་འཁེལ་བྱེད་ཐུབ་ཅིང་། མགྱོགས་མྱུར་ངང་ཁ་པར་ལེན་མཚམས་འཇོག་དགོས་པའི་དྲན་སྐུལ་བྱས་ཡོད་དེ།
ཕ་ཡུལ་དུ་ཉིན་40ལྷག་ལ་བསྡད་རྗེས་གློ་བུར་དུ་“པེ་ཅིང་ནད་ཡམས་ཚོད་འཛིན་ལྟེ་གནས་”གྱི་ཁ་པར་འབྱོར་བ།
          སྤྱི་ཟླ་3པའི་ཟླ་འགོར་རུས་ཡོན་ཅན་གྱི་བུད་མེད་ཞིག་ལ་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་བ་དང་། ཕ་རོལ་པོས་པེ་ཅིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣ་ཡིན་ཟེར་ཞིང་། ཡོན་ཆེ་གེ་མོས་ཧྲང་ཧེ་ཡི་བཟོ་གྲྭ་ཞིག་ནས་ཁ་རས་མང་པོ་མངགས་ཉོ་བྱས་ཡོད་པ་དང་། དྲ་ལམ་དུ་ཁྲིམས་འགལ་ངང་ཁ་རས་ལྐོག་འཚོང་བྱས་པའི་བརྡ་ཁྱབ་འབྱོར་འདུག་པའི་སྐོར་བཤད་པ་རེད། ཡོན་ཆེ་གེ་མོས་རང་ཉིད་ཀྱིས་ཁ་རས་གཏན་ནས་བཙོངས་མྱོང་མེད་ཅེས་བཤད་ན་འང་། ཕ་རོལ་པོས་ཐད་ཀར་ཡོན་ཆེ་གེ་མོའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བཤད་དེ་ནོར་འཁྲུལ་བྱུང་མེད་པ་ར་སྤྲོད་བྱས་པ་མ་ཟད། ཡོན་ཆེ་གེ་མོར་ཉེས་འགན་བདའ་འདེད་བྱེད་སྲིད་པའི་འཇིགས་སྐུལ་བྱས་པ་རེད།
          དེ་ཐོས་མ་ཐག་ཡོན་ཆེ་གེ་མོ་དངངས་ཆེན་པོ་སྐྱེས་པ་དང་། ཁོས་ཕ་རོལ་ལ་ཁོང་ནི་ལས་ཀ་བ་དཀྱུས་མ་ཞིག་ཡིན་ཞིང་། ཕ་ཡུལ་ནས་ཉིན་40རིང་བསྡད་དེ་སྒོའི་ཕྱི་རུ་ཡང་འགྲོ་མྱོང་མེད་པས། ཁ་རས་ཅི་ལྟར་འཚོང་དགོས་ཚུལ་བཤད། དེ་ལྟར་ཕ་རོལ་པོས་སྐབས་བསྟུན་གྱིས་“སེམས་བཟང་”གི་ཚུལ་དུ་ཡོན་ཆེ་གེ་མོའི་ཐོབ་ཐང་ཆ་འཕྲིན་མི་གཞན་གྱིས་བེད་སྤྱོད་བྱས་པ་ཡིན་ཤས་ཆེ་བ་རིགས་འདེད་བྱས་ཏེ། ཧྲང་ཧའེ་ཡི་སྤྱི་བདེ་ལས་ཁུངས་ཀྱི་“གྱོད་སྒྲུབ་ཉེན་རྟོག་པ”ལ་མཐུད་སྦྲེལ་བྱེད་རོགས་བྱས་ནས་མུ་མཐུད་དུ་ཐག་གཅོད་བྱེད་དགོས་ཚུལ་བཤད་པ་རེད།
          ཡོན་ཆེ་གེ་མོ“ནད་ཡམས་ཚོད་འཛིན་ལྟེ་གནས”ཀྱི་ལས་དོན་མི་སྣ་དང་“གྱོད་སྒྲུབ་ཉེན་རྟོག་པ”གཉིས་ཀྱི་གཡོ་འོག་ཏུ་ཚུད་ཉེན་ཆེ་བའི་སྐབས་དེར། པེ་ཅིང་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་ལྟེ་གནས་ཀྱི་ཆེད་གཏོང་ཁ་པར་96110འབྱོར་བ་རེད། མ་གཞི་མགོ་སྐོར་ངོ་རྒོལ་ལྟེ་གནས་ཀྱིས་ཐེར་འདོན་གོང་ཞུའི་ཁུངས་སྣེར་གཞིགས་ནས་མགོ་སྐོར་གཏོང་པའི་ཁ་པར་ཞིག་ལ་བརྟག་དཔྱད་བྱེད་སྐབས། ཨང་གྲངས་དེས་ཡོན་ཆེ་གེ་མོ་དང་སྦྲེལ་མཐུད་བྱས་ནས་དུས་ཡུན་རིང་པོ་སོང་བ་ཤེས་རྟོགས་བྱུང་བས། མགོ་སྐོར་ཐེབས་ཡོད་པ་སྔོན་དཔག་བྱས་ཏེ་ཡོན་ཆེ་གེ་མོར་ཁ་པར་བཏང་བ་རེད།
          ཉེན་རྟོག་པའི་ཁ་པར་འབྱོར་རྗེས་ཡོན་ཆེ་གེ་མོ་ཐོག་མར་ཡིད་ཆེས་བྱུང་མེད་པ་དང་། ད་དུང་ཉེན་རྟོག་པ་ཡིན་པ་ར་སྤྲོད་བྱེད་དགོས་ཚུལ་ཡང་བཤད། ཉེན་རྟོག་པས་ཁ་པར་ཨང་གྲངས་འདི་ནི་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཆེད་སྤྱོད་ཨང་གྲངས་ཡིན་པ་དང་། ཁྱེད་ཀྱིས་ཐད་ཀར་110དང་ཡང་ན་ཁོངས་གཏོགས་མངགས་གཏོང་ཁང་བརྒྱུད་ནས་འདྲི་ཞིབ་བྱེད་ཆོག གཅིག་ནས་ང་ཚོར་ཁྱེད་ཀྱི་དངུལ་བྱང་ཨང་གྲངས་དང་གསང་གྲངས་མི་དགོས་ལ། གཉིས་ནས་ཁྱེད་ཀྱི་དངུལ་ཡང་གཡོ་ལེན་བྱེད་མི་སྲིད། ཁྱེད་ཀྱིས་ད་དུང་སུ་ཉེན་རྟོག་པ་ངོ་མ་སུ་ཡིན་པ་མི་ཤེས་སམ་ཞེས་བཤད་ཅིང་། ཁ་ཏ་བསླབ་བྱ་མང་པོ་བྱས་པ་བརྒྱུད་ཡོན་ཆེ་གེ་མོ་ད་གཟོད་ཡིད་ཆེས་སྐྱེས་ཏེ་གཡོ་འོག་ཏུ་མ་ཚུད་པ་རེད།

“ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་”ཀྱི་ཕྱི་གོས་ཕུད་རྗེས་ཐབས་ལམ་ནི་“སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་”བཅས་ལ་བརྫུས་པའི་ཐབས་ལམ་རྙིང་པ་དེ་རེད། 
          པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་གཞི་མྱུལ་ཞིབ་རུ་ཁག་གི་རུ་དཔོན་འབྲིང་བ་སུའུ་ཤིན་པོ་ཡིས། སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་མགོ་སྐོར་ལ་རྡུང་རྡེག་དང་འགོག་ཟོན་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་བ་དང་བསྟུན་ནས་མགོ་སྐོར་གཏོང་མཁན་ཚོའི་ཐབས་ལམ་ཡང“དུས་བསྟུན་མདུན་སྐྱོད”བྱེད་བཞིན་ཡོད། “སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང”བཅས་ལ་བརྫུས་བའི་ཐབས་ལམ་དེར“ནད་ཡམས་ཚོད་འཛིན་ལྟེ་གནས”ཀྱི་ཕྱི་གོས་གྱོན་པ་ནི་མཚོན་ཚུལ་རིགས་ཤིག་རེད་ཅེས་བཤད་ཡོད།
          མགོ་སྐོར་ལ་ངོ་རྒོལ་བྱེད་པའི་མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་དོན། སྐད་ཆ་ཚིག་འདི་5པོ་ཐོས་རྗེས་མྱུར་དུ་ཁ་པར་ལེན་མཚམས་འཇོག་དགོས།
          རུ་དཔོན་སུའུ་ཤིན་པོ་ཡིས་གཤམ་གྱི་སྐད་ཆ་ཚིག་ལྔའི་ནང་གི་ཚིག་གང་རུང་ཞིག་ཐོས་ཚེ་ཕ་རོལ་ནི་མགོ་སྐོར་གཏོང་མཁན་ཡིན་པ་གཏན་འཁེལ་བྱེད་ཐུབ་ཅིང་། མྱུར་དུ་ཁ་པར་ལེན་མཚམས་བཞག་ནས་གཡོ་འོག་ཏུ་མི་ཚུད་པ་བྱེད་དགོས་ཞེས་བཤད། 
          1.ངས་ཁྱེད་ཀྱི་ཁ་པར་སྤྱི་བདེ་ལས་ཁུངས་ལ་མཐུད་སྦྲེལ་བྱེད། 
          2.ཁྱེད་ཀྱིས་114ལ་ཁ་པར་བཏང་ནས་ངའི་ཁ་པར་ཨང་གྲངས་བདེན་པ་ཡིན་མིན་བརྟག་དཔྱད་བྱེད་ཆོག
          3.གྱོད་གཞི་འདི་གསང་བ་ཡིན་པས་མི་སུ་ལའང་བཤད་མི་ཆོག
          4.རྒྱུ་ནོར་ཚང་མ་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་ཐོ་ཁོངས་སུ་བསྒྱུར་བ།
          5.ཁྱེད་ཀྱིས་དྲ་ཚིགས་ག་གེ་མོ་ལས་རང་ཉིད་ཀྱི་འཇུ་བཟུང་བཀའ་རྒྱ་མཐོང་ཐུབ། 
          ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། ཁྱེད་རང་ལ“ནད་ཡམས་ཚོད་འཛིན་ལྟེ་གནས”དང“སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་”བཅས་ཀྱི་མིང་ཐོག་གི་ཁ་པར་འབྱོར་ཏེ་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་སྐོར་བརྗོད་སྐབས། ངེས་པར་དུ་དོགས་ཟོན་ཆེར་སྐྱེད་བྱེད་དགོས་པ་དང་། དངུལ་བྱང་གི་གསང་གྲངས་དང་ར་སྤྲོད་ཨང་གྲངས་ཀྱི་འཕྲིན་ཐུང་སོགས་མི་སྒེར་གྱི་ཆ་འཕྲིན་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་ལས་མི་གཞན་ལ་ཕྱིར་བསྒྲགས་བྱེད་མི་རུང་། གལ་ཏེ་མགོ་སྐོར་ཐེབས་པ་ཤེས་ཚེ། ངེས་པར་དུ་མྱུར་དུ་110ལ་ཉེན་བརྡ་བཏང་ནས་དུས་ཐོག་ཏུ་མངགས་གཏོང་ཁང་དུ་ཟིན་ཐོ་བཀོད་དེ་མི་དམངས་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་ལས་དོན་སྤེལ་དགོས།