དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས་ལོ་སྨད་བར་ནར་འགྱངས་བྱས་འདུག

སྤེལ་དུས 2020-04-28 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

2020ལོའི་ལོ་སྟོད་ཀྱི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཡིག་རྒྱུགས་ལོ་སྨད་དུ་མཉམ་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

          རྒྱལ་ཁབ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཡིག་རྒྱུགས་ལ་ཞུགས་མཁན་ལས་དོན་མི་སྣའི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་ཏན་ཏིག་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད། 2020ལོའི་ལོ་སྟོད་ཀྱི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཡིག་རྒྱུགས་ནར་འགྱངས་བྱས་ནས་ལོ་སྨད་དུ་མཉམ་དུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། ལོ་སྟོད་དུ་མིང་ཐོ་བཀོད་ནས་དངུལ་སྤྲད་པའི་རྒྱུགས་སྤྲོད་སློབ་མས་2020ལོའི་ལོ་སྨད་དུ་ཡིག་རྒྱུགས་གཏོང་བའམ་ཡང་ན་དངུལ་སློག་པའི་རེ་བ་འདོན་ཆོག་པ་དང་། དུས་འགོར་ཡིག་ཚད་ལོན་པའི་རྒྱུགས་འབྲས་དང་ཚད་ལོན་དཔང་ཡིག་གི་གོ་ཆོད་དུས་ཡུན་ལོ་གཅིག་རིང་དུ་གཏོང་རྒྱུ་ཡིན། གཏན་འབེབས་ཞིབ་ཕྲ་ཀྲུང་གོའི་སློབ་གསོ་རྒྱུགས་ལེན་དྲ་བ(www.neea.edu.cn)ལ་དོ་སྣང་བྱེད་རོགས། ལོ་སྟོད་ཀྱི་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་གཏན་འཁེལ་གྱི་ལས་དོན་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་ཞིང་ཆེན་དེ་རང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་གཞིར་བཟུང་དུས་ཚོད་ཞིབ་ཕྲ་གཏན་འཁེལ་བྱེད་དགོས། 
          རྒྱུགས་སྤྲོད་སློབ་མར་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་མ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད་མི་སྤྱི་པུའུ་དང་སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས་བཀྲམ་པའི《ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་ནས་ལས་རིགས་ཐོབ་ཐང་ཁག་གཅིག་ལ“སྔོན་ལ་ལས་ཀར་ཞུགས་པ་དང་། དེ་རྗེས་ལག་ཁྱེར་ལེན་པའི་ཡིག་ཚད་གཏོང་བའི”དུས་མཚམས་རང་བཞིན་གྱི་བྱེད་ཐབས་ལག་ལེན་བསྟར་རྒྱུའི་སྐོར་གྱི་བརྡ་ཐོ》(མི་སྤྱི་པུའུ་ཡིས་བཀྲམ〔2020ལོའི〕ཡིག་ཨང་24པ)ཡི་གཏན་འབེབས་གཞིར་བཟུང་། སློབ་གྲྭ་འབྲིང་ཆུང་དང་། བུ་བཅོལ་ཁང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་ཀྱི་དགེ་རྒན་གྱི་ཐོབ་ཐང་ཐད“སྔོན་ལ་ལས་ཀར་ཞུགས་པ་དང་། དེ་རྗེས་ལག་ཁྱེར་ལེན་པའི་ཡིག་ཚད་གཏོང་བའི”དུས་མཚམས་རང་བཞིན་གྱི་བྱེད་ཐབས་ལག་ལེན་བསྟར་རྒྱུ་དང་།          

            ཚང་མས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

སློབ་གསོ་པུའུ་ནས།
2020ལོའི་ཟླ་4ཚེས་24ཉིན།
རྩོམ་སྒྲིག་པ། བདེ་སྒྲོལ།