དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁང་བ་གླ་དུས་དོ་སྣང་བྱེད་དགོས་པའི་གནད་དོན་འགའ།

སྤེལ་དུས 2020-04-28 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          གན་རྒྱ་མི་འཇོག་པར་ཐད་ཀར་ཁང་བ་གླས་ན་ཆོག་གམ། 
          དེ་ག་ལ་ཆོག་སྟེ། ཁང་བ་གླ་བའི་ཡིག་ཐོག་གི་གན་རྒྱ་ནི་ངེས་པར་དུ་འཇོག་དགོས། གལ་ཏེ་ཁང་བ་གླ་བའི་གན་རྒྱ་མ་བཞག་ཚེ་ཁང་བ་གླ་བའི་དུས་ཡུན་ལ་ཚད་བཀག་མེད་པ་དང་། ནམ་ཞིག་ཁང་བདག་གིས་ཁང་བ་གླ་འདོད་མེད་པར་ཕྱིར་བླངས་ནའང་ཆོག་པས། དེ་ལྟར་ན་ཁང་བ་གླ་མཁན་གྱི་ཁེ་དབང་ལ་གནོད་པ་བཟོ་སྲིད། 
          འོ་ན། ཁང་བ་གཞན་ལ་གླས་ཡོད་དུས་ཁང་བདག་གིས་མི་གཞན་ལ་བཙོང་ན་ཆོག་གམ།
          ཁང་བདག་གིས་ཁང་བ་ཕྱིར་བཙོངས་ཆོག་མོད། ཕྱིར་བཙོང་བའི་བྱ་སྤྱོད་ཀྱིས་ཁང་བ་གླ་མཁན་གྱི་ཁེ་དབང་ལ་ཤན་ཤུགས་ཐེབས་མི་རུང་། ཁང་བ་གླ་ཡུན་ནི་གན་རྒྱའི་དུས་བཅད་ལྟར་ལག་བསྟར་བྱེད་དགོས། དེར་མ་ཟད་ཁང་བདག་གིས་ཁང་བ་ཕྱིར་བཙོང་ན་གླ་མཁན་གྱིས་ཐོག་མར་ཉོས་ཆོག་པ་ཡིན། 
          དེས་ན་ཁང་བ་གླ་ཡུན་ལོ100བྲིས་ན་ཆོག་གམ། དེ་ལྟར་ན་གཏན་དུ་ཁྱིམ་སྤོ་བྱེད་མི་དགོས་པ་དང་། གན་རྒྱའི་དུས་བཅད་ཀྱི་ནང་དུ་ཁང་བདག་གིས་ཁང་བ་ཕྱིར་བླངས་མི་ཆོག་པ་ཨེ་ཡིན། 
          དེ་མི་ཆོག་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས》ལྟར་ན། ཁང་བ་གླ་བའི་དུས་ཡུན་ལོ20ལས་བརྒལ་མི་ཆོག་སྟེ། ཁང་བ་གླ་བའི་གན་རྒྱའི་ནང་ངེས་པར་དུ་གླ་ཡུན་འབྲི་དགོས་པར་མ་ཟད། ཁང་བ་གླ་ཕྱོགས་གཉིས་ཀས་གན་རྒྱ་བརྩི་སྲུང་བྱས་ནས་གང་འདོད་དུ་ཕྱིར་འཐེན་བྱས་མི་ཆོག་པ་ཡིན། གསལ་བོར་བཤད་ན་ཁང་བདག་གིས་ཁང་བ་མི་གཞན་ལ་གླས་ཡོད་དུས་ཁང་བ་ཕྱིར་བླངས་མི་ཆོག་པ་དང་། ཁང་བ་གླ་མཁན་གྱིས་ཀྱང་རང་འདོད་ལྟར་མི་གླ་བར་ཁྱིམ་སྤོ་བྱས་མི་ཆོག གལ་ཏེ་དོན་དག་དེ་འདྲ་བྱུང་ཚེ་གན་རྒྱར་འགལ་བའི་ཕྱོགས་དེས་ཕ་རོལ་པོའི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས། ཡིན་ནའང་། འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་ཁང་བདག་དང་གླ་མཁན་གཉིས་ཀས་དུས་བཅད་མ་ཐོན་པའི་སྔོན་ལ་གན་རྒྱ་ཕྱིར་འཐེན་བྱས་ཆོག དཔེར་ན། གླ་མཁན་གྱིས་གླ་རིན་མི་སྤྲོད་པའམ་ཁང་བ་ཉེན་ཁའི་བཟོ་བཀོད་ཀྱི་གྲས་སུ་ཚུད་དེ་གཏན་སྡོད་བྱེད་པར་མི་འཚམ་པ་སོགས། །