དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་གཏོང་ཐེངས་མང་དུ་གཏོང་རྩིས་འདུག

སྤེལ་དུས 2020-06-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
    
          གསར་འགོད་པས་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱས་པར། འགྲུལ་པ་མེ་འཁོར་ལ་སྡོད་པའི་དགོས་མཁོ་སྐོང་ཆེད། གཟའ་འཁོར་འདིའི་གཟའ་མཇུག་ནས་བཟུང་། ལྷ་ས་ནས་གཞིས་རྩེ་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་Z9801/2མང་དུ་གཏོང་རྒྱུ་དང་། རྐུབ་སྟེགས་དཀྱུས་མའི་སྤ་སེའི་རིན་གོང་སྒོར་40.5ཡིན་པ་རེད།
          ལྷ་ས་ནས་གཞིས་རྩེ་བར་རྒྱུན་གཏན་གྱི་མེ་འཁོརZ8801/2དང་Z8803/4ཁག་སོ་སོར་གཏོང་གི་ཡོད། ཟླ་6པ་ནས་བཟུང་། གནས་སྐབས་འགྲུལ་སྐྱེལ་མེ་འཁོར་Z9801/2མང་དུ་གཏོང་རྒྱུ་དང་། མེ་འཁོར་གཏོང་བའི་ཞིབ་ཕྲའི་དུས་ཚོད་ནི་ཟླ་6ཚེས་12ནས་14ཉིན་བར་དང་། ཚེས་19ནས་21ཉིན་བར། ཚེས་24ནས་27ཉིན་བར་བཅས་ཡིན་པ་དང་། དེ་ཡང་གཟའ་འཁོར་རེའི་གཟའ་པ་སངས་ནས་གཟའ་ཉི་མ་བར་དང་ལྔ་པའི་ཚེས་ལྔའི་གུང་གསེང་རིང་ཡིན་ཞིང་། ལྷ་ས་ནས་གཞིས་རྩེ་དང་གཞིས་རྩེ་ནས་ལྷ་ས་བར་ཕྱོགས་གཉིས་ཀར་གཏོང་རྒྱུ་རེད། 
          མེ་འཁོར་གཏོང་བའི་དུས་ཚོད་ནི་མེ་འཁོར་Z9801ལྷ་ས་ནས་ཆུ་ཚོད་14:00ལ་གཏོང་རྒྱུ་དང་ཆུ་ཚོད་16:50ལ་གཞིས་རྩེར་འབྱོར་གྱི་ཡོད། མེ་འཁོར་Z9802གཞིས་རྩེ་ནས་ཆུ་ཚོད་17:28ལ་གཏོང་རྒྱུ་དང་ཆུ་ཚོད་20:13ལ་ལྷ་སར་འབྱོར་གྱི་ཡོད།
ཤ་ཚའི་དྲན་སྐུལ།
          ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་དྲན་སྐུལ་བྱས་དོན། ཕྱིར་སྐྱོད་ཀྱི་དགོས་མཁོ་ཡོད་པའི་འགྲུལ་པས་སྔ་སྣུར་དུ་12306དྲ་སྦྲེལ་དང་། ཁ་པར95105105 མེ་འཁོར་བབས་ཚུགས་ཀྱི་སྤ་སེ་འཚོང་ས། དེ་བཞིན་མེ་འཁོར་སྤ་སེ་ཚབ་ཚོང་ས་ཚིགས་བཅས་ནས་སྤ་སེ་ཉོས་ཏེ་འགྲོ་སྐྱོད་ཀྱི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས།