དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

མི་སྒེར་གྱི་ཆ་འཕྲིན་གང་བྱུང་དུ་སྤྱད་ན་ཁྲིམས་འགལ་རེད་འདུག

སྤེལ་དུས 2020-06-24 ཡོང་ཁུངས། ཁྲིམ་གསལ་མེ་ལོང་། རྩོམ་པ་པོ།
          1.སྒེར་གྱི་ཆ་འཕྲིན་སྲུང་བའི་སྐོར།
          གཏན་འབེབས།
          མི་སྒེ་གྱི་ཆ་འཕྲིན་སྤྱོད་སྐབས། ངེས་པར་དུ་ཁྲིམས་མཐུན་དང་། དྲང་གཞག དགོས་ངེས་བཅས་ཀྱི་རྩ་དོན་ལ་སྲུང་བརྩི་ཞུ་དགོས་པ་ལས། ཚད་ལས་བརྒལ་བའི་ཐག་གཅོད་བྱ་མི་རུང་བ་དང་འབྲེལ། གཤམ་གསལ་གྱི་ཆ་རྐྱེན་དག་ཀྱང་འཛོམས་དགོས་པ་སྟེ།
          (གཅིག)ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་ནང་དམིགས་བསལ་གྱི་གཏན་འབེབས་འཁོད་པ་ཕུད། མི་སྒེར་རམ་ཡང་ན་ལྟ་སྐྱོང་བ་གང་དེའི་མོས་མཐུན་ཐོབ་དགོས།
          (གཉིས)ཆ་འཕྲིན་ཡོངས་བསྒྲགས་བྱེད་སྐབས་ཀྱི་སྒྲིག་སྲོལ་དང་མཐུན་དགོས།
          (གསུམ)ཆ་འཕྲིན་སྤྱོད་པའི་དམིགས་ཡུལ་དང་། བྱེད་ཐབས། ཁྱབ་ཁོངས་བཅས་ཁ་གསལ་བཏོན་དགོས།
          (བཞི)ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས། དེ་བཞིན་ཕྱོགས་གཉིས་པོའི་ཁ་ཆད་བཅས་ལས་འགལ་མི་རུང་།
          གསལ་འགྲེལ།
          གྲངས་གཞི་ཅན་གྱི་དུས་རབས་སུ་མི་སྒེར་གྱི་ཆ་འཕྲིན་ཇི་ལྟར་སྲུང་དགོས་སམ་ཞེ་ན། ཕན་མེད་ཀྱི་འཕྲིན་ཐུང་དང་གློག་འཕྲིན་ཁ་བསླུས་སོགས་ཀྱི་འགྲན་སློང་འཕྲད་པར་དམིགས་ནས། དམངས་དོན་ཁྲིམས་གཞུང་ནང་། མི་སྒེར་གྱི་ཆ་འཕྲིན་དང་འབྲེལ་བའི་མི་གཤིས་དབང་ཆ་ཁས་ལེན་དང་འགན་སྲུང་བྱས་པ་མ་ཟད། སྒེར་གྱི་ཆ་འཕྲིན་སྤྱོད་པའི་གཞི་རྩའི་གཏན་འབེབས་ཀྱང་གཏན་འཁེལ་བྱས་ནས་མི་སྒེར་གྱི་ཆ་འཕྲིན་སྤྱོད་རྒྱུར་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་བྱས་སྟབས། མི་སྒེར་གྱི་ཆ་འཕྲིན་ཚད་ལས་བརྒལ་ནས་འཚོལ་བསྡུ་བྱེད་པའི་ཟང་ཟིང་གི་རྣམ་པར་བཀག་འགོག་ནུས་ལྡན་ཐུབ་རྒྱུ་རེད།