དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རླངས་འཁོར་འཇོག་སྐབས་སྒོ་དང་སྒེའུ་ཁུང་ཡག་པོ་རྒྱག་དགོས། དེ་མིན་ན……

སྤེལ་དུས 2020-06-24 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་ལ་ཁོངས་གཏོགས་ཁུལ་གྱི་རླངས་འཁོར་ཉམས་བཟོ་ཁང་ཞིག་གི་སྦྱིན་བདག་ཝང་ཆེ་གེ་མོས་རང་ཉིད་ཀྱི་བཟོ་གྲྭ་ནས་རླངས་འཁོར་དཀར་པོ་ཞིག་རྐུ་ཤོར་བའི་སྙན་སེང་ཞུས། སྙན་སེང་འབྱོར་རྗེས། རྔ་ཆེན་མངགས་གཏོང་ཁང་གི་འགོ་ཁྲིད་ཀྱིས་གྱོད་གཞི་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བདེ་འཇགས་བཅོས་སྐྱོང་རུ་འབྲིང་གི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། འབྲེལ་ཡོད་དཔང་ལེན་གྱི་ལས་དོན་འཕྲལ་དུ་སྤེལ་བ་དང་འབྲེལ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྡེ་ཚན་ཁག་ལ་བརྟག་དཔྱད་ཐད་གཞོགས་འདེགས་བྱེད་རྒྱུའི་བརྡ་ཁྱབ་བཏང་།
          དེ་ཉིན་ཕྱི་དྲོ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཅུས་གནས་ཆུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱུན་གཏན་གྱི་སྐོར་གཡེང་ཞིབ་བཤེར་ལས་དོན་སྤེལ་སྐབས། རླངས་འཁོར་ཞིག་ནང་སྐྱེས་པ་ཞིག་ར་བཟི་སྟེ་ཉལ་ནས་བསྡད་ཡོད་པ་མཐོང་། མི་དམངས་ཉེན་རྟོག་པས་སྔར་བས་བརྟག་དཔྱད་བྱས་པ་བརྒྱུད། རླངས་འཁོར་དེ་ནི་ལྷ་ས་གྲོང་ཁྱེར་རྔ་ཆེན་ཟམ་ཆེན་གྱི་ཉེ་འགྲམ་ནས་བཏང་ཡོང་བ་དང་དེ་ཡང་རྔ་ཆེན་མངགས་གཏོང་ཁང་གི་ཁོངས་གཏོགས་ནས་བརླགས་པའི་རླངས་འཁོར་དེ་ཡིན་པ་ཤེས།
          གནས་ཚུལ་ཤེས་རྗེས། གནས་ཆུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྔ་ཆེན་མངགས་གཏོང་ཁང་བདེ་འཇགས་བཅོས་སྐྱོང་རུ་འབྲིང་གི་མི་དམངས་ཉེན་རྟོག་པ་དང་འབྲེལ་བ་བྱས། རྔ་ཆེན་མངགས་གཏོང་ཁང་བདེ་འཇགས་བཅོས་སྐྱོང་རུ་འབྲིང་གི་མི་དམངས་ཉེན་རྟོག་པར་གནས་ཚུལ་འབྱོར་རྗེས། འཕྲལ་མར་རླངས་འཁོར་འཇོག་སར་ཡོང་བ་དང་འབྲེལ་རླངས་འཁོར་དང་ར་བཟི་བའི་སྐྱེས་པ་དེ་མངགས་གཏོང་ཁང་དུ་སྔར་བས་བརྟག་དཔྱད་བྱེད་པར་ཁྲིད།
          མི་དམངས་ཉེན་རྟོག་པས་བརྟག་དཔྱད་དང་ཞིབ་བསྡུར་བྱས་པ་བརྒྱུད། ར་བཟི་བའི་སྐྱེས་པ་དེའི་མིང་ལ་ཝུའུ་ཆེ་གེ་མོ་ཟེར་བ་དང་། ཉིན་དེའི་ཐོ་རེངས་བར་ཝུའུ་ཆེ་གེ་མོས་རྔ་ཆེན་ཤང་གི་ཉེ་འགྲམ་དུ་ཆང་རག་བཏུངས་ནས་བསྡད་ཅིང་། ར་བཟི་རྗེས་ཁོ་པས་ཉལ་ས་ཞིག་འཚོལ་ཆེད། ཉེ་འཁོར་དུ་བཞག་པའི་རླངས་འཁོར་གྱི་སྒོ་རེ་རེ་བཞིན་ཕྱེ་ཐུབ་མིན་བལྟས་ཀྱང་ཚང་མ་སྒོ་བརྒྱབ་ཡོད།
          དེ་རྗེས་ཝུའུ་ཆེ་གེ་མོས་ཝང་ཆེ་གེ་མོའི་རླངས་འཁོར་ཉམས་བཟོ་ཁང་དུ་སྒོ་བརྒྱབ་མེད་པའི་རླངས་འཁོར་དཀར་པོ་ཞིག་མཐོང་བས་དེའི་ནང་འཛུལ་ཏེ་ཉལ་ནས་བསྡད། གཉིད་བསད་རྗེས་ཁོ་པས་རླངས་འཁོར་དུ་ལྡེ་མིག་ཡོད་པ་མཐོང་རྗེས་རླངས་འཁོར་བཏང་ནས་ཕྱིན། ཝུའུ་ཆེ་གེ་མོས་རླངས་འཁོར་བཏང་སྟེ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་དུ་བསྐྱོད་པ་དང་དེར་སླེབས་སྐབས་རླངས་འཁོར་གྱི་མེ་ཤི་ནས་བསྐྱར་དུ་སྤོར་མི་ཐུབ་པར་བརྟེན་སྔར་བཞིན་རླངས་འཁོར་ནང་ཉལ་ནས་བསྡད།
          བརྟག་དཔྱད་བྱས་པ་བརྒྱུད། ཝུའུ་ཆེ་གེ་མོས་ར་བཟི་ནས་གཞན་གྱི་རླངས་འཁོར་བཏང་བའི་ཁྲིམས་འགལ་གྱི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས། མིག་སྔར། རྔ་ཆེན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཝུའུ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་15བྱས་པ་དང་འབྲེལ་རླངས་འཁོར་དེ་ཉམས་བཟོ་ཁང་གི་སྦྱིན་བདག་ཝང་ཆེ་གེ་མོར་རྩིས་སྤྲད།
          དེ་དང་ཆབས་ཅིག མི་དམངས་ཉེན་རྟོག་པས་རྒྱ་ཆེའི་འཁོར་བདག་ལ་དྲན་སྐུལ་ཞུ་རྒྱུར། རླངས་འཁོར་འཇོག་སྐབས་སྒོ་དང་སྒེའུ་ཁུང་རྒྱག་དགོས་པ་དང་སྒོ་ཐེབས་ཡོད་མེད་བསྐྱར་དུ་ཞིབ་བཤེར་བྱེད་པའི་གོམས་གཤིས་འཇགས་པར་བྱེད་དགོས། ཡག་ཤོས་བྱུང་ན་ལག་ཁྱེར་དང་དངུལ་ཁུག གཱ་སོགས་རླངས་འཁོར་ནང་འཇོག་རྒྱུ་མེད།