སྔོན་གཤེགས་དཔའ་བོར་དམའ་འབེབས་བྱས་ན་ཁྲིམས་ཆད་ཕོག་རྒྱུ་རེད།
སྤེལ་དུས 2020-06-29
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
ཚེས་༢༨ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་སྟེང་གྲོས་ཞིབ་ཕུལ་པའི་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན༼བཅུ་གཅིག༽མ་ཟིན་ཁྲོད། སྔོན་གཤེགས་དཔའ་བོར་དམའ་འབེབས་དང་སྐུར་འདེབས་བྱེད་པའི་བྱ་སྤྱོད་དེ་ཁྲིམས་འགལ་དུ་བརྩི་བར་བཀོད་ཡོད།
མ་ཟིན་ཁྲོད་གཏན་འཁེལ་བྱས་དོན། སྔོན་གཤེགས་དཔའ་བོར་དམའ་འབེབས་དང་སྐུར་འདེབས་བྱེད་པ་དང་། སྤྱི་ཚོགས་སྤྱི་པའི་ཁེ་ཕན་ལ་གནོད་སྐྱོན་བཟོས་པའི་གནད་དོན་ཚབས་ཆེ་བའི་རིགས་ལ། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་མམ་ཆབ་སྲིད་ཁེ་དབང་མེད་པར་བྱ་རྒྱུ་རེད།