དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བུ་ལོན་འདེད་པའི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།

སྤེལ་དུས 2020-06-30 ཡོང་ཁུངས། རྩོམ་པ་པོ།
          བློ་མཐུན་རྩོམ་སྒྲིག་པ་ལགས།
          ངས་རང་གི་སྲུ་མོ་ལྷ་སྐྱིད་ཀྱི་ཚོང་དོན་རླངས་འཁོར་གཡར་རྗེས། བྱིས་པ་ཁྲིད་དེ་གྲོགས་པོ་དང་མཉམ་དུ་སྤྱི་གླིང་ཞིག་ཏུ་རྩེ་རུ་སོང་། ཅང་མ་འགོར་བར་ངས་རླངས་འཁོར་བསྐོར་ནས་ཕྱིར་ཁྱིམ་དུ་ལོག་རྩིས་བྱེད་སྐབས་བུན་བདག་དང་འཕྲད་བྱུང་། དེ་མ་ཐག་བུན་བདག་གིས་ངའི་སྲུ་མོའི་ཚོང་དོན་རླངས་འཁོར་འཕྲོག་ནས་བུད་སོང་།
          རྗེས་སུ་ལྷ་སྐྱིད་ངེད་གཉིས་ཀྱིས་ཐེངས་མང་པོར་བསླངས་ཀྱང་བུན་བདག་གིས་རླངས་འཁོར་ཕྱིར་སྤྲད་མ་བྱུང་། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི། བུ་ལོན་འདེད་སྐབས་རླངས་འཁོར་བཙན་འཕྲོག་བྱེད་པའི་བྱ་སྤྱོད་དེ་ཁྲིམས་དང་མཐུན་ནམ།
ཞེས་སྐལ་བྷེ་ཡིས།
          བློ་མཐུན་སྐལ་བྷེ་ལགས།
          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱུ་དངོས་བདག་དབང་བཅའ་ཁྲིམས》ཀྱི་དོན་ཚན34པའི་གཏན་འབེབས་ལྟར་ན། གནས་སྤོ་ཐུབ་པ་དང་མི་ཐུབ་པའི་རྒྱུ་ནོར་བདག་བཟུང་བྱེད་དབང་མེད་རིགས་ལ། ཁེ་དབང་འཛིན་མཁན་གྱིས་རྒྱུ་དངོས་ཕྱིར་བསློག་པའི་རེ་འདུན་ཞུས་ཆོག་ཅེས་བཀོད་ཡོད།
          གྱོད་དོན་འདིའི་ཁྲོད་དུ། བུན་བདག་གིས་གཏུག་བཤེར་སོགས་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱ་དགོས་པ་ལས་ཁྱོད་ཀྱིས་གཡར་བའི་རླངས་འཁོར་འཕྲོག་པའི་དབང་ཆ་མེད་ལ། རླངས་འཁོར་འཕྲོག་པའི་བྱ་སྤྱོད་དེས་ཁྱོད་ཀྱི་བདག་བཟུང་ལ་གནོད་པ་བཟོས་ཡོད་པར་མ་ཟད། རླངས་འཁོར་དེའི་བདག་པོ་ལྷ་སྐྱིད་ཀྱི་ཁྲིམས་མཐུན་ཁེ་དབང་ལའང་གནོད་འཚེ་བཏང་ཡོད་པས། བུན་བདག་གིས་རླངས་འཁོར་ཕྱིར་སྤྲད་དགོས།
          ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།
          ལས་རྨས་ངལ་གསོའི་རིང་གི་གླ་ཕོགས་ཇི་ལྟར་གཏན་འབེབས་བྱས་ཡོད་དམ།
          ལས་རྨས་བྱུང་རྗེས་ལུས་སྟེང་གི་རྨས་སྐྱོན་གནས་ཚུལ་གྱི་དབང་གིས། ལས་བཟོ་བ་རྣམས་མུ་མཐུད་དུ་བྱ་བར་ཞུགས་མི་ཐུབ་པར་དུས་ཡུན་ངེས་ཅན་ཞིག་ལ་ངལ་གསོ་ཡག་པོ་བྱེད་བཞིན་ཡོད་ལ། གཟུགས་པོ་རྩ་བ་ནས་བདེ་ཐང་དུ་གྱུར་རྗེས་ལས་གནས་སུ་ལོག་གིན་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གིས་ངལ་གསོའི་སྐབས་སུ་ཡོང་འབབ་ཀྱི་གནད་དོན་ལ་སེམས་ཁྲལ་བྱེད་ཀྱིན་ཡོད།
          ལས་བཟོ་བའི་ལས་རྨས་ངལ་གསོའི་རིང་གི་གླ་ཕོགས་ཡོད་མེད་དེ། ལས་རྨས་བྱུང་སྟེ་ལས་མཚམས་བཞག་པའི་དུས་ཡུན་ཡིན་མིན་ལ་བལྟ་དགོས་ཤིང་། གལ་ཏེ་ལས་བཟོ་བའི་ལས་རྨས་ངལ་གསོའི་དུས་ཡུན་ནི་ཁྲིམས་བཀོད་ཀྱི་ལས་མཚམས་བཞག་པའི་དུས་ཡུན་ནང་ཡིན་ན། ལས་ཁུངས་ཀྱིས་ལས་བཟོ་བའི་གླ་ཕོགས་སྤྲད་དགོས།
          གླ་ཕོགས་ནི་ལས་བཟོ་བ་རང་ཉིད་ཀྱི་གླ་ཕོགས་ལྟར་འགྱུར་བ་མི་གཏོང་བར་ལས་ཁུངས་ཀྱིས་ཟླ་རེ་བཞིན་སྤྲད་དགོས་ལ། གལ་ཏེ་ལས་མཚམས་བཞག་ནས་གླ་ཕོགས་སྤྲོད་པའི་དུས་ཡུན་ལོང་ཡོད་ནའང་ལས་བཟོ་བ་ད་རུང་མུ་མཐུད་དུ་ངལ་གསོ་བྱ་དགོས་ཚེ། ལས་ཁུངས་ཀྱིས་ལས་བཟོ་བའི་གླ་ཕོགས་སྟེར་མི་དགོས།
          ལས་མཚམས་བཞག་པའི་དུས་ཡུན་ནི་རྨས་སྐྱོན་གནས་ཚུལ་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་གཏན་འབེབས་གཞིར་བཟུང་སྟེ། ངལ་རྩོལ་ནུས་པ་གསལ་འབྱེད་ཨུ་ཡོན་ལྷན་ཁང་གིས་གསལ་འབྱེད་བྱས་འབྲས་བཏོན་ནས་དུས་ཡུན་གཏན་འཁེལ་བྱ་དགོས།
           ཀུང་སི་ཡིས་ལས་བཟོ་བ་ཕྱིར་ཕུད་ཆོག་པའི་གཏན་འབེབས་ག་འདྲ་ཡིན།
          《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན25པའི་གཏན་འབེབས་ལྟར་ན། 1. ཚོད་ལྟའི་དུས་ཡུན་ནང་དུ་ངལ་རྩོལ་པ་བསྡུ་སྤྱོད་ཀྱི་ཆ་རྐྱེན་དང་མི་མཐུན་པར་ངོས་འཛིན་བྱས་པའི་རིགས་དང་། 2. ངལ་རྩོལ་པ་གླ་བའི་དུས་སུ་ངལ་རྩོལ་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བའམ་ཡང་ན་མི་ཤུགས་བཀོལ་སྤྱོད་ཀུང་སིའི་སྒྲིག་སྲོལ་ལམ་ལུགས་ལ་འགལ་བའི་རིགས། 3. འགན་འཛོལ་ཚབས་ཆེན་བྱུང་བ་སོགས་མདོར་ན་ཀུང་སི་དེའི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་རིགས། 4. ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་པའི་རིགས་བཅས་ཡིན།